སི་ཁྲོན་རྔ་པའི་དྲ་ཐོག་གྲགས་ཅན་ཐའོ་ཕིང་གྲོང་ཚོ།
“ལམ་བསྒྱུར་ས་ཚིགས”ནས“ཡུལ་སྐོར་དམིགས་སར”ཇི་ལྟར་བསྒྱུར་རམ།
སི་ཁྲོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ཤིན་དབྱི་དང་། ཝང་ཁྲེང་ཏུང་། ཁྲེན་པི་ཧུང་།
རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་ཐའོ་ཕིང་གྲོང་ཚོར་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་འཛམ་གླིང་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི་ཆའང་རིགས་ཀྱི་གནའ་བོའི་སྐྲུན་དངོས་ཚོགས་ཏེ་ཐའོ་ཕིང་ཆའང་རིགས་གྲོང་སྡེ་ཡོད་པ་རེད།
1996ལོར་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་ལུང་ཞའོ་ཆུང་ཐའོ་ཕིང་གྲོང་ཚོར་ལོག་ནས་གྲོང་ཚོའི་ནང་གི་ན་གཞོན་ཚོའི་སྣེ་ཁྲིད་དེ་འཁྲབ་སྟོན་རུ་ཁག་བཙུགས་ཏེ་ཡུལ་སྐོར་བ་གྲོང་སྡེར་ལྟ་སྐོར་ལ་གདན་དྲངས་ནས་ཐའོ་ཕིང་ཆའང་རིགས་གྲོང་སྡེའི་ཡུལ་སྐོར་གསར་སྤེལ་བྱེད་འགོ་ཚུགས་ཏེ་ད་བར་ལོ་30ཙམ་སོང་ཡོད།
སྐབས་ཤིག་རིང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཐའོ་ཕིང་ཆའང་རིགས་གྲོང་སྡེར་སྲུང་སྐྱོང་དང་གསར་སྤེལ་གྱི་འགལ་བ་འཕྲད་ཡོད། “5·12”ས་ཡོམ་གྱི་གེགས་རྗེས་བསྐྱར་བསྐྲུན་ཁྲོད་ས་གནས་དེ་གའི་གྲོང་སྡེ་རྙིང་པའི་སྨི་ཉིས་རྒྱ་སུམ་རྒྱའི་ཕྱི་རོལ་དུ་གྲོང་སྡེ་གསར་པ་བསྐྲུན་ཡོད། གྲོང་སྡེ་རྙིང་པ་སྲུང་སྐྱོང་ལ་སྣང་ཆེན་དང་གྲོང་སྡེ་གསར་པ་གསར་སྤེལ་གྱི་བྱེད་ཐབས་གསར་པ་སྤྱད་ནས་ཐའོ་ཕིང་ཆའང་རིགས་གྲོང་སྡེ་འདི་ཉིད་སྐད་གྲགས་ཆོད་འགོ་ཚུགས། གྲོང་མི་མི་ཉུང་བ་ཞིག་གིས་གྲོང་སྡེ་རྙིང་པའི་དམངས་སྲོལ་གནས་ཚང་གྲོང་སྡེ་གསར་པར་སྤོས་ནས་སྒྱུར་བཀོད་རིམ་སྤོར་བྱས་ཡོད། ད་ཆ། གྲོང་སྡེ་གསར་པར་ཡུལ་སྐོར་སྣེ་ལེན་གྱི་ཉལ་ཁྲི་3000ཙམ་ཡོད་པ་དང་གྲོང་མི་90%ལ་ཡུལ་སྐོར་ཡོང་འབབ་བྱུང་ཡོད།
ཕྱིས་སུ་འགྲིམ་འགྲུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་གྲོང་སྡེར་དཀའ་སྙོག་གསར་པ་ཞིག་འཕྲད་པ་སྟེ་གྲོང་སྡེར་ཞག་སྡོད་བྱེད་མཁན་ཧ་ལམ་མེད། ཁྲེང་ཏུའུ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲེང་ཏུའུ་ནས་གཟི་ཚ་སྡེ་དགུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་ལས་ཐའོ་ཕིང་གྲོང་སྡེ་འདི་ཉིད་གཟི་ཚ་སྡེ་དགུ་ནས་ཧོང་ལུང་བར་གྱི་ཡུལ་སྐོར་ལམ་ཐིག་གི་ལམ་བསྒྱུར་ས་ཚིགས་ཡིན་པའི་ས་བབ་ཀྱི་ལེགས་ཆར་འགྱུར་ལྡོག་བྱུང་ནས་དེ་གར་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་ཧ་ཅང་ཉུང་ཉུང་ཡིན་པས་ཇི་ལྟར་བྱེད་དགོས་མིན་ཐད་ཐའོ་ཕིང་གྲོང་ཚོས་མུ་མཐུད་འཚོལ་ཞིབ་བྱས་ཏེ“ལམ་བསྒྱུར་ས་ཚིགས”ནས“ཡུལ་སྐོར་དམིགས་སར”བསྒྱུར་ཡོད།
ད་ཆ། གྲོང་ཚོ་གསར་པའི་ལས་རྣམ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཐའོ་ཕིང་གྲོང་ཚོ་སྐད་གྲགས་ཆོད་ཡོད། ཀོག་ཧྥེ་ཁང་དང་། ཡུལ་སྐོར་པར་ལེན་ཁང་། བསམ་བཀོད་ཁང་སོགས་སྔ་རྗེས་སུ་སྒོ་ཕྱེ་ཡོད། ཐའོ་ཕིང་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་བཟོས་པའི་འཁྲབ་ཚན་གྲ་སྒྲིག་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། མཉམ་འགུལ་ཉམས་མྱོང་ཡང་ཕུན་སུམ་ཚོགས་སུ་ཕྱིན་པ། གྲོང་མི་ཚོས་རང་རྟོགས་ངང་ཚོད་ལྟ་བཅས་བྱས་ཏེ་གནའ་བོའི་ཆའང་རིགས་ཀྱི་རིག་གནས་ཞིབ་སློབ་བྱེད་བཞིན་ཡོད།
གོམ་སྟབས་རྗེས་མར་ལྗོངས་གཟིགས་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། ཞིབ་སློབ་ཡུལ་སྐོར་བཅས་ཁྱབ་གདལ་བཏང་ནས་ཐའོ་ཕིང་གྲོང་ཚོ་འདི་ཉིད་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གཟའ་མཇུག་ཡུལ་སྐོར་བྱ་ཡུལ་དང་ཚ་གཡོལ་ཡུལ་སྐོར་དམིགས་སར་གྱུར་བ་བྱ་རྒྱུ་རེད།