དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་ཀྱིས“5·8འཛམ་གླིང་གི་རྒྱ་གྲམ་དམར་པོའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-10

     ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་རྒྱ་གྲམ་དམར་པོ་ཚོགས་པ་དང་མཉམ་དུ“མྱུར་སྐྱོབ་ཤེས་བྱའི་འགག་སྒོ་ཆེན་པོ་སྒྲོལ། འགག་རྩའི་དུས་སུ་དུས་བདེ་སྲུང”ཞེས་པ་ནང་དོན་དུ་བྱས་པའི“5·8འཛམ་གླིང་གི་རྒྱ་གྲམ་དམར་པོའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་7གྱི་འགྲན་ཞུགས་རུ་ཁག་13གྱི་མི་བརྒྱ་ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་འཕྲལ་སྡོམ་མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ་དང་ཚོགས་པའི་མཉམ་ལས་གཞི་གཅིག་ཏུ་འདུས་པ་དང་། དབྱིངས་ཞུགས་རྣམ་པའི་བཀོལ་སྤྱོད་དང་སྤྲོ་སྣང་རྩལ་འགྲན་ལ་བརྟེན་ནས་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་ཕན་ནུས་ཐོན་པར་བྱས་ཏེ་རྒྱ་གྲམ་དམར་པོའི་གཞོན་ནུ་ལོ་ཆུང་ཚོའི་མྱུར་སྐྱོབ་རྩལ་ནུས་ཆེ་རུ་བཏང་ཡོད། བྱེད་སྒོར་མྱུར་སྐྱོབ་དམག་འཐབ་ཆེན་པོ་དང་། རྨ་རས་དཀྲི་སྟངས། AEDལག་རྩལ་ཁོང་དུ་ཆུད་ཚད། མྱུར་སྐྱོབ་ཆེད་ཡིག་འབར་མདེལ། འདྲི་མྱུར་ལན་མྱུར་བཅས་བརྒྱུད་རིམ་ལྔ་བཀོད་སྒྲིག་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་དང་ལག་ལེན་རྩལ་ནུས་ཀྱི་བཀོལ་སྤྱོད་མཉམ་འདྲེས་བྱས་ཡོད་པ་རེད། ཆེད་ལས་མྱུར་སྐྱོབ་དགེ་རྒན་གྱིས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་བྱས་ནས་བཀོལ་སྤྱོད་གྲུབ་འབྲས་དང་ཟུང་འབྲེལ་གྱིས་འཕྲལ་དུ་དཔྱད་བརྗོད་བྱེད་ཀྱི་ཡོད། “སློབ་སྦྱོང་དང་། སྦྱོང་བརྡར། འགྲན་བསྡུར”བཅས་གཞི་གཅིག་ཅན་གྱི་བྱེད་སྟངས་སྤྱད་དེ་མཉམ་ལས་ཁྲོད་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་རྩལ་ནུས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།