དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས།

    —— ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-10

    ཟླ་5ཚེས་7ཉིན། མོ་སི་ཁོར་ཕེབས་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་མཚམས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》ཐོག《ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་མཉམ་དུ་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བར་ཨུ་རུ་སུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེར་ལོ་རྒྱུས་ལ་བསྐྱར་དྲན་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ལོ་རྒྱུས་ཀྱི་དྲན་ཤེས་སྲུང་མཁན་དང་། འཕེལ་རྒྱས་དང་དར་རྒྱས་ཀྱི་མཉམ་སྐྱོད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་གྱི་སྲུང་སྐྱོང་བ་བཅས་མཐའ་གཅིག་ཏུ་བྱས་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས་ཞེས་བརྗོད་པ་རེད།

    འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་དྲན་ཤེས་སྲུང་མཁན་བྱེད་པ།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་གསུངས་དོན། ང་ཚོས་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ། འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་ཟབ་མོ་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་འགྲུལ་རུ་ཁག་གི་གཏམ་རྒྱུད་ལ་ཕྱིར་དྲན་གནང་བ་ལས་ཀྲུང་གོར་རོགས་སྐྱོར་བྱེད་མཁན་ཨུ་རུ་སུའི་དང་བླངས་འཕུར་སྐྱོད་པའི་རྗེས་རབས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནཱ་ཐ་ལི་ཡ·ཧོ་ལིའུ་ཅིན་ནཱར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གི་ཕ་ཅི་མོ་ཧྥེ·ཧོ་ལིའུ་ཅིན་ནི་སྐབས་དེ་དུས་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་འགྲུལ་རུ་ཁག་གི་མདེལ་དབྱུག་གནམ་གྲུའི་དཔུང་སྡེའི་བཀོད་འདོམས་དཔོན་རེད། 2015ལོར་ཧོ་ལིའུ་ཅིན་ནཱ་ཡིས་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་རྟགས་མ་བླངས་ཡོད། ཐེངས་དེར་ཀྲུང་གོར་བསྐྱོད་པ་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་སྟེ། “ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་འདུག ཀྲུང་གོའི་གྲོགས་པོས་སེམས་རྩ་འཁོལ་པོས་ང་ཚོར་སྣེ་ལེན་ཞུས་བྱུང་ལ་ཁོང་ཚོས་ལོ་རྒྱུས་ཀྱི་དྲན་ཤེས་ལ་མཐོང་ཆེན་དང་དད་གུས་བྱེད་ལུགས་ལ་ང་རང་ཧང་སངས་བྱུང” ཁོང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་མཛའ་གྲོགས་ཟམ་མི་ཆད་པར་སྲ་བརྟན་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བཅས་བྱེད་དགོས་ཞེས་བརྗོད།

    མཐུན་སྒྲིལ་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་མཉམ་སྐྱོད་པ་བྱེད་པ།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་གསུངས་དོན། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཇི་ལྟར་ཆེ་ན་དེ་ཙམ་གྱིས་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་མཐའ་འཁྱོངས་དང་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    ཨུ་རུ་སུའི་ཚན་རིག་ཁང་ཤར་ཕྱོགས་རིག་པ་ཞིབ་འཇུག་སུའོ་དེང་རབས་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨན་ཏེ་ལེ·ཝུའེ་ནུའོ་ཀེ་ལ་ཏུའོ་ཧྥུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀས་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་འགན་འཁྲི་གལ་ཆེན་འཁུར་ཡོད། ཨུ་ཀྲུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་སྲུང་སྐྱོང་བྱས་ནས། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་རེད་ཅེས་བརྗོད།

    ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་གྱི་སྲུང་སྐྱོང་བ་བྱེད་པ།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་གསུངས་དོན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ངེས་པར་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་ཀྱིས་སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ། གཉིས་ཁེ་ཡོང་ཐབས་བྱེད་པ་ལས་རྒྱལ་ཕམ་མི་རྩོད་པ་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་ཕྱོགས་ཁག་གི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།

    ཨུ་རུ་སུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཤེར་ཀེ·ས་ནཱ་ཁོ་ཡེ་ཧྥུའུ་ཡིས“ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་རེད་ལ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་རེད། ཨུ་རུ་སུས་ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བཞེད་དོན་ཁག་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ཨུ་ཀྲུང་འབྲེལ་བ་བརྟན་པོ་ཡོད་པ་དེས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཞི་བདེའི་འབྱུང་འགྱུར་ཕྱོགས་སུ་ཁྲིད་སྟོན་ཐུབ་པར་ངར་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།

    ཨུ་རུ་སུའི་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཨའོ་ལེ་ཀེ·ཅི་མོ་ཧྥེ་ཡེ་ཧྥུའུ་ཡིས་རྒྱལ་སྤྱིའི་དུས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱལ་ཁབ་སྔར་ལས་མང་བའི་དང་ལེན་དང་རྒྱབ་སྐྱོར་འཐོབ་བཞིན་ཡོད། ཨུ་ཀྲུང་གིས་རྒྱལ་ཁབ་དེ་བས་མང་བ་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལག་ལེན་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།