སློབ་གྲྭའི་ཚན་རྩལ་དུས་ཆེན་སྐབས་ཚན་རྩལ་ཉམས་ལེན་བྱེད་པ།
འདི་ནི་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཆུས་ཏུང་ཀོན་སློབ་ཆུང་གི་སློབ་མས་ཚན་རྩལ་ཉམས་ལེན་བྱེད་བཞིན་པ།
ཟླ་5ཚེས་7ཉིན་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཆུས་ཏུང་ཀོན་སློབ་ཆུང་གིས“ཚན་རྩལ་གསར་གཏོད་ཀྱི་ཉམས་ལེན་འཛད་མཐའ་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་སློབ་གྲྭའི་ཚན་རྩལ་དུས་ཆེན་གཉེར་ནས་ཚན་རིག་ཁྱབ་གདལ་ཤེས་བྱར་འགྲེལ་བཤད་དང་། ཕན་ཚུན་མྱོང་རོལ་བྱེད་པ། ཚོད་ལྟ་ཆུང་ཆུང་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་སློབ་མ་ཚོས་ཚན་རིག་ལ་འཛིན་པའི་དགའ་ཞེན་ཆེ་རུ་ཕྱིན་ཡོད།