དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཐབས་མང་མཉམ་དུ་སྤྱད་དེ་དམངས་གཉེར་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་6ཉིན་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་ཟད་གྲོན་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་དངུལ་རྩ་མཁོ་སྤྲོད་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་ཧུར་ཐག་དང་དམངས་གཉེར་ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་མཉེན་ཆ་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ནས། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུར་རམ་འདེགས་བྱས་ཡོད།

    ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྒོར་དུང་ཕྱུར་66.7ཡོངས་བསྒྲགས་ངང་བསྡུ་ལེན་བྱས་ཤིང་། ཞིང་ཆེན་བཟོ་འཕྲིན་ཐིང་དང་མཉམ་དུ་བཟོ་སྐྲུན་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྒོར་དུང་ཕྱུར་176ཡོངས་བཤེར་བྱས་ཏེ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་དང་འབྲེལ་མཐུད་ཀྱིས་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཡོད་པའི་དམངས་གཉེར་ཁེ་ལས་དང་རང་འགུལ་ངང་འབྲེལ་གཏུག་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད“སྒོ་རྩར་ཞབས་འདེགས”ཞུས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལས་ཀའི་ལམ་སྲོལ་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་ནུས་པ་བཏོན་ཏེ། “མཚོ་སྔོན་གྱི་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”གྱི་ལས་སྟེགས་ལ་བརྟེན་ནས་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྦྲེལ་མཐུད་མ་ལག་མགྱོགས་མྱུར་གསར་སྤེལ་བྱས་པ་དང་། དམངས་གཉེར་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གནད་སྨིན་ངང་ཡོངས་བཤེར་སྦྲེལ་མཐུད་བྱས་ཤིང་། མིག་སྔའི་བར་ཁེ་ལས་39192ལ་སྦྲེལ་མཐུད་བྱས་པ་དང་། དངུལ་ཁང་སྒྲིག་གཞི་ཁག་དང་མཐུན་སྦྱོར་བྱས་ནས་ཁེ་ལས་13118ལ་ཡིད་རྟོན་བྱེད་ཚད་སྒོར་དུང་ཕྱུར་149.33ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཁེ་ལས་12976ལ་དངུལ་བུན་སྒོར་དུང་ཕྱུར་104.16བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།