དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གངས་འཁྱག་གིས་བཀླུབས་པའི་ཀྲུང་གོའི་མཛེས་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་འགྲེམས་སྟོན་པེར་ལིན་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-09

    འདི་ནི་ལྟད་མོ་བ་རྣམས་ཀྱིས་འགྲེམས་སྟོན་གྱི་པར་རིས་ལ་ལྟ་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ལིའུ་ཀྲུང་ཧྭ་ཡིས་པར་བླངས)

    “གངས་འཁྱག་གིས་བཀླུབས་པའི་ཀྲུང་གོའི་མཛེས་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་འགྲེམས་སྟོན་འཇར་མན་པེར་ལིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བཞིན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ལ“སྲུང་སྐྱོང”དང་། “རྒྱུན་འཛིན”“འཕེལ་རྒྱས”བཅས་ལེའུ་གསུམ་དུ་ཕྱེ་ཞིང་། ཞིབ་ཚགས་ཀྱིས་བདམས་པའི་པར་རིས་30ལྷག་ཙམ་གྱི་ཐོག་ནས་གངས་འཁྱག་གིས་བཀླུབས་པའི་ཀྲུང་གོའི་བརྗིད་ཉམས་ངོ་མཚར་གྱི་མཛེས་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་གངས་འཁྱག་རིག་གནས། དེ་བཞིན་གངས་འཁྱག་ནང་འདུས་པའི་དཔལ་འབྱོར་གྱི་གསོན་ཤུགས་དང་ཡུལ་སྐོར་གྱི་ཉམས་འགྱུར་བཅས་གསོན་ཉམས་དོད་པོས་མངོན་ཡོད།

    འཇར་མན་གྱི་རི་མོ་མཁས་ཅན་དབྱི་ཧྥུའུ་ལིན·སོ་མོའུ་ཧོ་ཧྥུའུ་ཡིས་ལས་དོན་པའི་འགྲེལ་བཤད་ཉན་གྱིན་པར་རིས་ལ་བལྟས། ཁོ་མོར་བག་ཆགས་ཟབ་ཤོས་ནི་དགུན་ཁའི་དྲོ་འཇམ་ཉི་འོད་འོག་གི་ཧུའུ་ཁོའུ་རྦབ་ཆུ་དང་ཐེན་ཧྲན་རི་བོའི་བཻཌཱུརྱ་ལྟ་བུའི་འཁྱགས་ཀླུང་རེད། ཁོང་གིས“ལྷིང་འཇགས་དང་དྭངས་གཙང་གི་སྣང་བ་ལས་ང་རང་དེའི་ཀློང་དུ་དབང་མེད་ངང་ཚུད་དེ་གནམ་ས་ཡངས་པོ་དང་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ཆེན་པོ་ཚོར་བྱུང”ཞེས་བཤད།

    “2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་ཀྲུང་གོའི་གངས་འཁྱག་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་པ་དང་གངས་འཁྱག་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་སྐུལ་ཁྲིད་ཐུབ་པ་རེད། ཀྲུང་གོར་གངས་འཁྱག་གིས་བཀླུབས་པའི་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་མི་རིགས་ཀྱི་རིག་གནས་གཏིང་ཟབ་མོ་དང་དགུན་དུས་ཀྱི་ལུས་རྩལ་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པོ་ཡོད” པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་པེར་ལིན་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོ་ཝུན་པོ་ཡིས། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་འཇར་མན་གྱི་རིག་གནས་དང་ཡུལ་སྐོར་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་འཇར་མན་གྱི་ཡུལ་སྐོར་བར་ཉིན་30རིང་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་དང་དངུལ་གཏོང་སྤྲོད་སྟབས་བདེ་ཅན་གྱི་བྱེད་ཐབས་བཏོན་ཏེ། འཇར་མན་གྱི་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་ཕན་ནུས་ཆེ་བའི་ཡུལ་སྐོར་གྱི་ཉམས་ལེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།