དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཛེས་སྡུག་ལྡན་པའི་ཀོང་ཤིས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-09

    ཉེ་ཆར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《མཛེས་སྡུག་ལྡན་པའི་ཀོང་ཤིས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》བཀྲམ་པ་དང་། འཕེལ་རྒྱས་གཏོང་སྟངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལྷོ་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་སོགས་ཕྱོགས་7ལ་དམིགས་ནས་ཞིབ་ཕྲའི་ལས་འགན་ཁག་30བཏོན་ཡོད་པ་རེད།

    བྱ་སྤྱོད་འཆར་གཞིའི་ནང་བཏོན་པའི་དམིགས་ཚད་གཙོ་བོ་ནི། 2027ལོར་སླེབས་སྐབས། ཀོང་ཤིས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བསྡུ་རུབ་བྱེད་ཚད་73%ཡན་ཟིན་པ་དང་། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་སྐྲུན་ཚད་50%ཡས་མས་ཟིན་པ། “སྦགས་བཙོག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་བསྡུར་ཚད་60%ཟིན་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྫོང་ཧྲིལ་པོ་འཛུགས་སྐྲུན་ལེགས་གྲུབ་ཐུབ་པའི་བསྡུར་ཚད་40%ཟིན་པ་སོགས་རེད།

    བྱ་སྤྱོད་འཆར་གཞིའི་ནང་། ཀོང་ཤིས་ཀྱིས་ལྷོ་ནུབ་བྲག་ཞུན་རྒྱལ་ཁབ་སྤྱི་གླིང་དང་ནན་ཉིང་རྒྱལ་ཁབ་རྩི་ཤིང་གླིང་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཀུའེ་ལིན་ལི་ཅང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལེགས་སྒྲུབ་བྱེད་པ། ཕིང་ལུའུ་མིས་བཟོས་གཙང་པོ་རྒྱུག་ཁུལ་སོགས་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལག་ལེན་བསྟར་བ་བཅས་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།