དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁང་དམར་གྱི་མ་བུ་མཚོའི་གནའ་ཤུལ་གསར་དུ་རྙེད་པའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུར་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-09

    ཉེ་ཆར། པེ་ཅིང་ནས་གཏམ་བཟང་གྲགས་པ་ལྟར་ན། བོད་ཀྱི་ཁང་དམར་གྱི་མ་བུ་མཚོའི་གནའ་ཤུལ་2024ལོའི་གསར་དུ་རྙེད་པའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུར་ཚུད་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

    མ་བུ་མཚོའི་གནའ་ཤུལ་ནི་མིག་སྔར་མཚོ་བོད་ས་མཐོའི་དབུས་དཀྱིལ་ནས་ཤེས་རྟོགས་བྱུང་བའི་ས་བབ་མཐོ་ཤོས་དང་། ལོ་རབས་སྔ་ཤོས་ཀྱི་རྡོ་ཆས་གསར་མའི་དུས་རབས་ཀྱི་མཚོ་འགྲམ་དུ་ཉ་འཛིན་པ་དང་རི་དྭགས་རྔོན་པའི་རྗེས་ཤུལ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་དང་རྒྱ་གར་དང་། ཀྲུང་གོ་དང་འབྲུག་ཡུལ་གྱི་ས་མཚམས་སུ་གནས་པའི་བོད་ཀྱི་ཁང་དམར་རྫོང་ཀ་ལ་ཤང་སྲིད་གཞུང་གནས་ཡུལ་གྱི་བྱང་ཤར་མཚམས་ཀྱི་མ་བུ་མཚོའི་འགྲམ་དུ་ཡོད་པ་དང་། རི་བོ་ཧི་མ་ལ་ཡའི་དབུས་རྒྱུད་བྱང་འདབས་ཀྱི་ས་མཐོར་གནས་ཤིང་། དེའི་ས་བབ་ལ་སྨི་4410ནས་སྨི་4430བར་ཟིན་གྱི་ཡོད། ས་དབྱིབས་ཆགས་ཚུལ་དང་རྗེས་ཤུལ་གནས་སྟངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྗེས་ཤུལ་དེ་ས་ཁོངས་གསུམ་དུ་ཕྱེ་ཆོག་པ་ལས་གཙོ་བོར་མ་བུ་མཚོའི་ལྷོ་འགྲམ་དང་། ཤར་ལྷོའི་འགྲམ། ནུབ་བྱང་གི་འགྲམ་བཅས་ཡིན་པ་རེད། རྗེས་ཤུལ་གྱི་ཁྱབ་ཚུལ་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་22.4ལྷག་ཙམ་ཟིན་པ་དང་། མིག་སྔར་སྨི་ངོས་གྲུ་1650སྔོག་འདོན་ཟིན་ནས་བང་སོ་ཁག་61དང་། ས་དོང་ཁག་43 ཀ་བ་འཛུགས་ཤུལ་ཁག་8 འཚོ་སྡོད་བྱས་ཤུལ་5 ཐབ་རོ་4 མེ་དོང་2 རྡོ་ལས་གྲུབ་པའི་རྗེས་ཤུལ་2སོགས་རྙེད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མ་བུ་མཚོར་མི་འདུས་སྡོད་འཕོ་འགྱུར་གྱི་བྱུང་རིམ་ཁ་གསལ་ལ། དུས་སྐབས་སོ་སོའི་འདུས་སྡོད་ཀྱི་བཀོད་པ་དང་རྗེས་ཤུལ་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པ་དེས་ས་བབ་མཐོ་བའི་ས་ཁུལ་གྱི་རྡོ་ཆས་གསར་མའི་དུས་རབས་སུ་མིའི་རིགས་ཀྱི་འཚོ་ཐབས་ཞིབ་འཇུག་བྱ་བའི་སྟོང་ཆ་བསབས་པ་མ་ཟད། བོད་ཀྱི་རྡོ་ཆས་གསར་མའི་དུས་སྐབས་སུ་མི་འདུས་སྡོད་ཀྱི་གནའ་རྫས་རྟོག་ཞིབ་དང་སྤྱི་ཚོགས་ཞིབ་འཇུག་བྱ་བར་ད་བར་རྙེད་སོན་བྱུང་བའི་དཔྱད་གཞི་ཕུན་སུམ་ཚོགས་ཤོས་ཤིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།