དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལྔ་གཅིག”ངལ་གསོའི་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་11.1སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-09

    ཉེ་ཆར། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི“ལྔ་གཅིག”ངལ་གསོའི་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་ཐེངས་985བཏང་བ་དང་། འགྲུལ་པ་མི་ཐེངས་ཁྲི་11.1སྐྱེལ་འདྲེན་བྱས་པ། དངོས་ཟོག་ཏུན་719.1དབོར་འདྲེན་བྱས་པ་བཅས་གསུམ་པོ་ན་ནིང་གི་དུས་མཚུངས་ལས་19.2%དང་། 10.0% 7.1%བཅས་སོ་སོར་འཕར་བའི་ནང་ཟླ་5ཚེས་1ཉིན་ཁོ་ནར་འགྲུལ་པ་མི་ཐེངས་ཁྲི་2.5སྐྱེལ་འདྲེན་བྱས་ནས་ལོ་ལྟར་གྱི“ལྔ་གཅིག”ཉིན་གཅིག་པུའི་འགྲུལ་པ་སྐྱེལ་འདྲེན་བྱེད་མང་ཤོས་སུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།