དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་གྱིས“ལྔ་གཅིག”ངལ་གསོའི་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་1ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་4ཉིན་རྒྱལ་ཁབ་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1978.6སྐྱེལ་འདྲེན་བྱས་པ་དང་། ཟླ་4ཚེས་29ཉིན“ལྔ་གཅིག”ངལ་གསོའི་སྐྱེལ་འདྲེན་འགོ་ཚུགས་པ་ནས་ཟླ་5ཚེས་4ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་དུང་ཕྱུར་1.12སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་10.5%འཕར་བ་དང་། སྐྱེལ་འདྲེན་བདེ་འཇགས་དང་བརྟན་པོ། གོ་རིམ་ལྡན་པ་བྱུང་ཡོད།

    ཟླ་5ཚེས་5ཉིན་ལྕགས་ལམ་བསྡད་དེ་ལོག་མཁན་འགྲུལ་པ་རིམ་བཞིན་མང་དུ་ཕྱིན་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་ལྟར་ན། འགྲུལ་པ་མི་ཐེངས་ཁྲི་2110སྐྱེལ་འདྲེན་ཐུབ་རྒྱུ་ཡིན་པ་དང་མེ་འཁོར་ཐེངས་གྲངས་1896མང་དུ་གཏོང་རྩིས་ཡོད་པ་རེད།

    ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་ལོག་མཁན་མང་བའི་སྐྱེལ་འདྲེན་བཀོད་སྒྲིག་ཚགས་ཚུད་བྱས་ཏེ། སྐྱེལ་འདྲེན་བྱེད་ནུས་མང་དུ་བཏང་ནས་སྤ་སེ་ཉོ་བ་དང་། མེ་འཁོར་སྒུག་པ། མེ་འཁོར་སྡོད་པ། བར་དུ་མེ་འཁོར་བརྗེ་བ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལྷུ་ཚིགས་ཁག་གི་ཞབས་ཞུ་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།