དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“རྨང་རྡོ”ཡག་པོ་འདིང་བ།

    ཧེ་ལུང་ཅང་གིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་མགྱོགས་པོ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཚུའེ་ཅ། ཀྲུའུ་ཏ་ཝེ། ཀུའོ་ཞའོ་ལུང་།   |     སྤེལ་དུས།  2025-05-08

    མ་རྨོས་ལོ་ཏོག་སྙེ་རྡོག་གཅིག་ལ་རིན་ཐང་ག་ཚོད་ཙམ་ཟིན་བྱས་ཡོད་དམ།

    ཐོན་ལས་འཁོར་འབྲེལ་9དང་། ཐོན་རྫས་གཙོ་བོའི་རིགས་50ལྷག གཞི་ཁྱོན་ཡན་གྱི་མ་རྨོས་ལོ་ཏོག་གི་ལས་སྣོན་ཁེ་ལས་43 ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་289.8བཅས་ཡོད་པ་སྟེ། “སེར་ཐིང་ཐིང་གི་མ་རྨོས་ལོ་ཏོག་གི་ས་ཆར”གནས་པའི་ཧེ་ལུང་ཅང་གི་སུའེ་ཧྭ་གྲོང་ཁྱེར་ལ་2024ལོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    དེ་ནི་ཧེ་ལུང་ཅང་གིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་མཚོན་ཚུལ་ཞིག་རེད། 2024ལོར་ཧེ་ལུང་ཅང་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་117འཕར་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་གཞི་ཁྱོན་ཡན་གྱི་ཁེ་ལས་2022ལོ་ལས་340འཕར་ནས་འཕར་ཚད་17.6%ཟིན་ཡོད།

    2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས“དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་ཤུགས་རྒྱག་ས་གཙོ་བོར་བྱས་ནས་དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེན་པོ་དང་། ཁེ་ལས་ཆེན་པོ། ཐོན་ལས་ཆེན་པོ་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། ཞིང་ལས་དངོས་ཟོག་སྒྲིག་ཆས་དེང་རབས་ཅན་དང་། ཚན་རྩལ་དེང་རབས་ཅན། གཉེར་སྐྱོང་དོ་དམ་དེང་རབས་ཅན། ཞིང་ལས་ཆ་འཕྲིན་ཅན། ཐོན་ཁུངས་བེད་སྤྱོད་རྒྱུན་མཐུད་ཅན་བཅས་སྔོན་ལ་མངོན་འགྱུར་ཐུབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“རྨང་རྡོ”ཡག་པོ་འདིང་ཆེད། ཧེ་ལུང་ཅང་གིས་ཞིང་ལས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་ལ་གཞིགས་ནས་དེང་རབས་ཞིང་ལས་དར་རྒྱས་ཀྱི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་ཀྱི་ཡོད། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་ཐོན་བརྟན་ཐོན་འཕར་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ།

    གཙང་གསུམ་ཀླུང་ཐང་དབུས་ཁུལ་གྱི་པའེ་ཏ་ཧོང་ཞིང་ལས་གསར་སྦོལ་ཚོགས་པའི་མཛའ་གྲོགས་ཞིང་རའི་ས་ཞིང་མུའུ་ཁྲི་190ལྷག་ཙམ་ཞིང་ལས་ཐོན་སྐྱེད་ཀྱི་འགག་རྩའི་དུས་སུ་སླེབས་ཡོད།

    “ན་ནིང་ཆར་ཆུ་འབབ་ཚད་མང་ནའང་ཐོན་འབབ་ཉུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་འཕར་ཡོད”སོ་ནམ་པ་ཡུས་ཏེན་ཏུང་གི་རི་ལྡེབས་ཀྱི་རྨོ་ཞིང་མུའུ་160ལྷག་ཙམ་ལ“མཐོ་ཚད་མཚུངས་ཐིག་སྐོར་འདེབས”ཀྱི་འདེབས་སྟངས་སྤྱད་དེ། རྣང་མ་དྲང་པོ་ནས་རི་ངོས་ལྟར་འཁྱོག་ཐིག་ཏུ་བཟོས་པ་དང་། ཆུ་ཡུར་འགྲམ་དུ་ལོ་མང་སྐྱེ་བའི་ཕྱུགས་རྩྭ་བཏབ་ཡོད།

    ཧེ་ལུང་ཅང་དང་ཀྲུང་གོ་ཚན་རིག་ཁང་གིས“ས་ནག་འབྲུ་མཛོད”ཀྱི་ཚན་རྩལ་ལས་དོན་བསྒྲུབས་ནས་སྟོབས་ཤུགས་གཅིག་སྡུད་ངང་འགག་རྩའི་ལག་རྩལ་གལ་ཆེན་འགག་སྒྲོལ་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་སྟོང་ཁེ་རེའི་ས་ནག་སྐྱེ་ལྡན་རྫས་ཀྱི་འདུས་ཚད་ལོ་བཞིའི་གོང་དང་བསྡུར་ན་ཁེ་4.1མང་དུ་ཕྱིན་ཡོད། ཧེ་ལུང་ཅང་གིས་ད་དུང“ཞིང་བཟང་། སོན་བཟང་། ཐབས་བཟང་། དུས་བཟང་། ལུགས་བཟང”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ནུས་ཆེའི་ཐོན་འཕར་ལག་རྩལ་རྣམ་པ་74འདུས་གྲུབ་སྒྲིག་སྦྱོར་བྱས་པ་དང་འབྲེལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། མིག་སྔར་ཧེ་ལུང་ཅང་གི་ཞིང་ལས་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་70.8%ཟིན་ཡོད།

    འཁོར་འབྲེལ་སྟོབས་ཆེར་དང་སྣུར་སྲིང་བཏང་སྟེ་ཐོན་ལས་ཚོ་འདུས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ།

    སུའེ་ཧྭ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་ཧེ་ལུང་ཅང་ཤིན་ཧོ་ཁྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་མ་རྨོས་ལོ་ཏོག་ལ་ལས་སྣོན་བྱས་པ་སྟེ་། ཞིབ་འཐག་དང་། དབྱེ་ཕྲལ། ཕབ་སྙལ། ལེན་པ་སོགས་ལས་རིམ་བཅུ་ཕྲག་ཁ་ཤས་བརྒྱུད་མ་རྨོས་ལོ་ཏོག་གི་འབྲུ་རྡོག་རེ་རེ་འཚོ་བཅུད་Cདང་རམ་འདེགས་རྩབས་Q10སོགས་ཀྱི་ཐོན་རྫས་སུ་བསྒྱུར་ཡོད།

    “ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་རིང་དུ་སོང་བ་དང་ཟུར་སྣོན་རིན་ཐང་མུ་མཐུད་མཐོ་རུ་སོང་ཡོད”ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲའོ་ཏེ་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མ་རྨོས་ལོ་ཏོག་རྒྱུ་ཆར་བྱས་ནས་གྲུབ་པའི་འཚོ་བཅུད་Cརྒྱ་མ་རེར་སྒོར་30བྱས་ནས་བཙོང་ཐུབ་པ་དང་། རམ་འདེགས་རྩབས་Q10རྒྱ་མ་རེར་སྒོར་1000ཟིན་གྱི་ཡོད་པ་རེད།

    ཧེ་ལུང་ཅང་གིས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་སྟོད་རྒྱུད་དང་སྨད་རྒྱུད་ཁེ་ལས་རུབ་འདུས་བྱེད་པར་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་ཐོན་ལས་ཚོ་འདུས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་གཞོལ་བ། མ་རྨོས་ལོ་ཏོག་ལས་སྣོན་ཞིབ་ཕྲའི་ཐོན་རྫས་རིགས་61བར་གོང་འཕེལ་བཏང་བ་དང་། ལས་སྣོན་ཞིབ་ཕྲའི་ནུས་པ་ཏུན་ཁྲི་2800ལས་བརྒལ་བ། སྲན་ཆེན་ལས་སྣོན་ཞིབ་ཕྲའི་ཐོན་རྫས་རིགས་23བར་གོང་འཕེལ་བཏང་བ། ཆུ་འབྲས་དང་མོག་རོ་ནག་པོ་སོགས་ཐོན་ལས་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    “མ་རྨོས་ལོ་ཏོག་སྙེ་རྡོག་གཅིག་གིས་ཐོན་ལས་འཁོར་འབྲེལ་གྱི་རིང་ཚད་བདེན་དཔང་བྱས་ཡོད”ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་འགྲན་རྩོད་ཀྱི་ལེགས་ཆར་བསྒྱུར་ནས་ཧེ་ལུང་ཅང་གིས“འབྲུ་མགོ་ཟས་མཇུག”དང“ཞིང་མགོ་ལས་མཇུག”རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཡུས་ཀྱིས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།