ཐེན་ཅིན་གྱིས་ལོ་བརྒྱའི་སྤྱི་གླིང་དུ་ཟློས་གར་ལེགས་གྲས་འཁྲབ་སྟོན་བྱས་པ།
ཟླ་5ཚེས་5ཉིན། 2025ལོའི“ལས་འཕྲོ། ཐེན་ཅིན—ཁྲོམ་ཟུར་ཟློས་གར”ཚོགས་པས་ཅིང་ཅུས་ཟློས་གར《ཤིས་ཤང་གཏམ་རྒྱུད》དེ་ལོ་160ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐེན་ཅིན་མི་དམངས་སྤྱི་གླིང་དུ་འཁྲབ་སྟོན་བྱས་པ་རེད། ཐེན་ཅིན་ཅིང་ཅུས་ཁང་དང་ཐེན་ཅིན་གླུ་གར་ཁང་གི་འཁྲབ་སྟོན་པ་ཚོས་སྤྱི་གླིང་དུ་སྐྱེད་ཚལ་གྱི་རང་བྱུང་ཡུལ་ལྗོངས་གང་ལེགས་སྤྱད་དེ་གྲོང་མི་དང་ཡུལ་སྐོར་བ་ཚོར་གུང་གསེང་རིང“ཡུལ་སྐོར་ཞོར་དུ་ཟློས་གར་མྱོང་རོལ”གྱི་དབྱིངས་ཞུགས་རྣམ་པའི་ཟློས་གར་རིག་གནས་ཉམས་ལེན་ཐུབ་པར་བྱས་ཡོད། འདི་ནི་ཚེས་5ཉིན་འཁྲབ་སྟོན་པས་ཐེན་ཅིན་མི་དམངས་སྤྱི་གླིང་དུ་ལྟད་མོ་བ་ཚོར་ཅིང་ཅུས་ཟློས་གར《ཤིས་ཤང་གཏམ་རྒྱུད》འཁྲབ་སྟོན་བྱེད་བཞིན་པ།