དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ ཡོང་བར་སྐུལ་འདེད་གཏོང་དགོས”

    ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་ཡོ་རོབ་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝ་ཤིས་ལི·ཁཱ་ཧྲེན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཤའོ་ཤིན་ཤིན།   |     སྤེལ་དུས།  2025-05-08

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་དེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་དང་ཐ་ན་འཛམ་གླིང་ཧྲིལ་པོར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཉིན་ཤས་གོང་ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་ཡོ་རོབ་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝ་ཤིས་ལི·ཁཱ་ཧྲེན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་ཨུ་ཀྲུང་གི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་དང་འཐབ་ཇུས་མཉམ་ལས་ཐད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། གཉིས་ཕན་མཉམ་ལས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཨུ་ཀྲུང་གི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུ་དང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོའང་ཡིན། “ང་ཚོས་ངེས་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་ཚེ། ད་གཟོད་འབྱུང་འགྱུར་ལ་རྒྱང་ལྟ་སྔར་བས་ལེགས་པར་བྱེད་ཐུབ”ཁཱ་ཧྲེན་གྱིས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་དེ་ལོ་རྒྱུས་ལ་ཡང་དག་པའི་ངོས་འཛིན་བྱེད་པའི་ཐོག་འཛུགས་དགོས། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་འགག་རྩའི་ནུས་པ་འདོན་སྤེལ་དང་བློས་གཏོང་ཆེན་པོ་བྱས་ནས། མིའི་རིགས་ཀྱི་ཞི་བདེའི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨུ་ཀྲུང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་ཐུན་མོང་ཐོག་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཁཱ་ཧྲེན་གྱིས་བརྗོད་དོན། མིག་སྔར་རྒྱལ་ཁབ་ཁ་ཤས་ཀྱིས་ཕྱོགས་རྐྱང་པའི་བཙན་ཤེད་རིང་ལུགས་ལག་ལེན་བསྟར་ནས་དཔལ་འབྱོར་གོ་ལ་ཅན་དང་རང་མོས་ཚོང་དོན་གྱི་རྩ་དོན་ལ་རང་འདོད་ངང་གཏོར་བཤིག་བཏང་བས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འཇིགས་སྐུལ་ཚབས་ཆེན་ཕོག་ཡོད། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཨུ་རུ་སུ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་བཏོན་པའི་ནུས་པ་སྔར་བས་གལ་འགངས་ཆེ་རུ་ཕྱིན་ཡོད། ཨུ་ཀྲུང་གིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་འབྲེལ་གཏུག་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བརྟན་པོ་བྱེད་པ་དང་གོ་ལ་ཧྲིལ་པོའི་ཉོ་ཚོང་བཀག་རྒྱ་གཏོར་ནས། སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་མངོན་འགྱུར་ཡོང་བར་སྔར་བས་སྐུལ་འདེད་བཏང་སྟེ། འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན།

    ཁཱ་ཧྲེན་གྱིས་བརྗོད་དོན། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བརྟན་པོ་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་ཆེད་མདུན་ལམ་གསར་པ་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་སྲ་བརྟན་དང་དར་སྤེལ་བཏང་སྟེ“ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་5ཉིན་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།