ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གསུམ་གྱི་ནོར་སྲིད་པུའུ་ཀྲང་དང་ལྟེ་བའི་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་དབྱི་ཐ་ལིར་འཚོགས་པ།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྐབས་ཉེར་བརྒྱད་པ་དང་ཀྲུང་རི་ཧན་གསུམ་གྱི(10+3)ནོར་སྲིད་པུའུ་ཀྲང་དང་ལྟེ་བའི་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་ཚེས་4ཉིན་དབྱི་ཐ་ལིའི་སྨི་ལན་དུ་འཚོགས་ནས། གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་གཞི་ཆེའི་དཔལ་འབྱོར་དུས་བབ་དང་། 10+3ས་ཁོངས་ཀྱི་ནོར་སྲིད་མཉམ་ལས་སོགས་གྲོས་དོན་ལ་གཙོ་གནད་ཐོག་གྲོས་བསྡུར་བྱས་པ་དང་འབྲེལ་མཉམ་འབྲེལ་གསལ་བསྒྲགས་ཀྱང་སྤེལ་བ་རེད།
ཀྲུང་གོ་ནོར་སྲིད་པུའི་པུའུ་ཀྲང་ལན་ཧྥོ་ཨན་དང་། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཧྥན་ཀུང་ཧྲེང་དང་མ་ལེ་ཞི་ཡའི་ནོར་སྲིད་པུའི་པུའུ་ཀྲང་གཉིས་པ་ཨ་སྨིར·ཧ་མུའུ་ཀྲ·ཨ་ཆི་ཙན། མ་ལེ་ཞི་ཡའི་ལྟེ་བའི་དངུལ་ཁང་གི་ཧང་ཀྲང་ཨ་པུའུ་ཏུའུ་ལེ·ལཱ་ཤིས་ཏེ·ཅ་ཧྥུར་བཅས་ཀྱིས་མཉམ་འབྲེལ་ཀྲུའུ་ཞིའི་ངོས་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ལན་ཧྥོ་ཨན་གྱིས་མིག་སྔའི་འཛམ་གླིང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྲིག་གཏིང་ཟབ་བྱས་པ་དང་གོ་ལ་ཧྲིལ་པོ་ཅན་ལ་གནད་དོན་མང་པོ་འཕྲད་བཞིན་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མགོ་བོ་འདེགས་པ་དང་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། 10+3ས་ཁོངས་དཔལ་འབྱོར་ལ་བསྟུན་མཁས་རང་བཞིན་ཆེ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཅུང་ཆེན་པོ་ལྡན་ཡོད་མོད། འོན་ཀྱང་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་ཕྱི་ནང་གི་འགྲན་སློང་ཡང་འཕྲད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་10+3ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་བསྟུན་མཁས་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་ནོར་དཔལ་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ས་ཁོངས་དེ་གའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པར་ཁ་གཏད་གཅོག་འདོད་ཡོད་ཅེས་བརྗོད་པ་རེད།