དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ཞིང་ལས་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་པོ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་གསུམ་པའི་བར། ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་5.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9མཐོ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4538ཟིན་ནས་6.5%འཕར་ཏེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་0.3མཐོ་བ་བྱུང་ནས་དུས་ཚིགས་དང་པོར་འགོ་འཛུགས་བཀྲ་ཤིས་བྱུང་ཡོད།

    དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་བཀོད་སྒྲིག་གཞིར་བཟུང་། 2025ལོར་འབྲུ་རིགས་ལོ་ཏོག་མུའུ་ཁྲི་445(མུའུ་1ལ་སྤྱི་ཆིང་0.0667ཙམ)ཡན་དང་། སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི་222ཡན། སྔོ་ཚལ་མུའུ་ཁྲི་65ཡན་བཅས་འདེབས་རྩིས་ཡོད་པ་རེད། སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་ན་ནིང་ལས་མུའུ་4000དང་ཐོན་འབབ་ཏུན་1400འཕར་བ་དང་སྔོ་ཚལ་གྱི་ལྗང་པ་གསོ་བའི་མངགས་ཐོ་སྡོང་རྐང་ཁྲི་2500ཟིན་ཡོད། ཟླ་དང་པོ་ནས་གསུམ་པའི་བར་ཤང་ཀང་དང་ཨའོ་མོན་ལ་གྲང་ཁུལ་སྔོ་ཚལ་མཁོ་འདོན་བྱེད་ཚད་ཏུན་1400ཟིན་ཡོད།

    འབྲོག་ལས་ཐོན་སྐྱེད་བརྟན་ཁྲོད་འཕར་སྣོན་བྱུང་ཞིང་། ཟླ་དང་པོ་ནས་གསུམ་པའི་བར། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང་བཅས་ཀྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་1.42བཀོད་སྒྲིག་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་བའི་ཁ་གསབ་བྱ་དགའི་སྲིད་ཇུས་དང་བཤས་ཕྱུགས་ཀྱི་རིན་གོང་སྟོན་གྲངས་ཀྱི་འགན་བཅོལ་ལག་བསྟར་བྱས་ནས་ཚོད་འཛིན་གནད་སྨིན་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་བས། ཞིང་ཆེན་ཡོངས་ནས་ནོར་མགོ་གྲངས་ཁྲི་29.7དང་ལུག་མགོ་གྲངས་ཁྲི་109.7བཤས་བཏང་བ་དེ་དུས་མཚུངས་ལས་9.7%དང་7.4%འཕར་བ་དང་། ཕག་ཤ་དང་། ཚགས་ཤ ལུག་ཤ བྱ་ཤ་བཅས་ཀྱི་ཐོན་འབོར་1.7%འཕར་བ། སྒོ་ངའི་ཐོན་འབོར་35.8%འཕར་ཡོད། ཞིང་ཆེན་ཡོངས་སུ་སྐམ་སའི་ཆུ་ཐོན་ཐོན་རྫས་ཀྱི་གསོ་ཚགས་རྟེན་གཞི་སྤྱོད་འགོ་ཚུགས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཆུའི་ཐོན་རྫས་ཀྱི་ཐོན་འབོར་ཏུན་3304ཟིན་ཏེ་དུས་མཚུངས་ལས་29%འཕར་ཡོད་པ་རེད།

    ཞིང་འབྲོག་ཁྱབ་ཁོངས་ཀྱི་འབབ་འཕར་དུས་བབ་བཟང་ཞིང་། ཟླ་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཕྱིར་སྐྱོད་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་75.7ཟིན་ནས་དུས་མཚུངས་ལས་3.4%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2415ཟིན་ནས་དུས་མཚུངས་ལས་6.4%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཚོང་གཉེར་ཁེ་གཙང་ཡོང་འབབ་སྒོར་1238ཟིན་ནས་5.3%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ་སྒོར་118ཟིན་ནས་དུས་མཚུངས་ལས་13.6%འཕར་ཡོད།

    གྲོང་གསེབ་དར་རྒྱས་དང“གྲོང་གསེབ་སྟོབས་ཆེའི་ལས་གྲྭ”སོགས་གཙོ་གནད་རྣམ་གྲངས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཡོང་འབབ་མུ་མཐུད་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ས་ཞིང་བརྒྱུད་བཤུག་དང་རྩྭ་ཐང་དང་རི་བོ་འགན་གཙང་བླངས་པའི་བོགས་དངུལ་འཕར་ཏེ་རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ་མགྱོགས་མྱུར་འཕར་བའི་རྣམ་པར་སྐུལ་ཁྲིད་ཐུབ་ནས་གླ་པ་རྒྱུག་མཁན་མང་དུ་ཕྱིན་ཏེ། གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་། རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ། ཚོང་གཉེར་གྱི་ཁེ་གཙང་ཡོང་འབབ་བཅས་ཚང་མ་འཕར་ནས་ཞིང་པར་འབབ་འཕར་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།