དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་གིས“འདུ་འགོད་ཆེན་པོ་དྲུག”ལག་བསྟར་བྱས་ནས་གསར་བརྗེའི་རིག་གནས་ཀྱི་མཚོན་རྟགས་གནས་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་གནས་རྙིང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་221རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་དེ་འཐབ་ཇུས་ཀྱི་གནས་བབ་གཙོ་བོར་བཞག་ནས“འདུ་འགོད་ཆེན་པོ་དྲུག”རྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་པ་བརྒྱུད་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།

    རིག་དངོས་སྲུང་སྐྱོང་ཁྱབ་ཁོངས་སུ་མཚོ་བྱང་ཀྲོའུ་ཡིས་ཐོག་མཐའ་བར་གསུམ་དུ་རིག་དངོས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་221རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་དེ་གསར་བརྗེའི་རིག་དངོས་སྲུང་སྐྱོང་གི“འདུ་འགོད་ཨང་དང་པོར”བཅུག་ཡོད། སྒྲིག་འགལ་ཁེ་ལས་དང་ཨར་སྐྲུན་གཙང་སེལ་བྱས་པ་བརྒྱུད་རྟེན་གཞིའི་གནས་རྙིང་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་དོ་དམ་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་མ་དངུལ་སྒོར་དུང་ཕྱུར་2.45བརྩོན་ལེན་ཧུར་ཐག་བྱས་ནས་ཉམས་གསོ་དང་འགྲེམས་སྟོན་རྣམ་གྲངས་17ལག་བསྟར་ཞིབ་ཚགས་བྱས་པས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་221རྟེན་གཞིའི་སྲུང་སྐྱོང་དང་འགྲེམས་སྟོན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

    རྟེན་གཞིའི་བྱེད་ནུས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་བརྒྱུད་གསར་བརྗེའི་ཐོན་ཁུངས་ཀྱི“རྨང་འདིང་འདུ་འགོད”གཏིང་ཟབ་སྤེལ་ནས་གསར་བརྗེའི་རིག་དངོས་ཀྱི་ཁྱིམ་གཞིས་གསལ་རྟོགས་བྱས་པ་མ་ཟད། འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་ཀྱང་བྱས་ནས་གཙོ་གནད་ཁུལ་གྱི་ཉམས་གསོའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།