མཚོ་བོད་ས་མཐོའི་འགྲེམས་ཚོགས་ལྟེ་གནས་ཆེ་ཤོས་བསྐྲུན་པ།
དུས་ཡུན་ལོ་དྲུག་བསྐྲུན་པའི་མཚོ་བོད་ས་མཐོའི་འགྲེམས་ཚོགས་ལྟེ་གནས་ཆེ་ཤོས་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་གསར་པ“ལྔ་གཅིག”རིང་གྲོང་མིར་དངོས་སུ་སྒོ་ཕྱེ་བ་རེད། འགྲེམས་ཚོགས་དེར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་16.10ཡོད་པ་དང་བཟོ་ལྟ་བྱ་རྒོད་ཀྱི་གཤོག་པ་དང་འདྲ་ལ་འགྲེམས་ཁང་ཤར་དང་། དབུས། ནུབ་བཅས་གསུམ་ལ་ཕྱེ་ཡོད། ཕྱིས་སུ་དེ་ཉིད་ཟི་ལིང་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་གྱི་མཚོན་རྟགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་དེང་རབས་ཅན་གྱི་འགྲེམས་ཚོགས་ལྟེ་གནས་སུ་འགྱུར་རྒྱུ་རེད།