དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཉོ་ཚོང་འགྲེམས་ཚོགས་སྐབས་གཉིས་པ་དང་སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱི་འགྲེམས་སྟོན་ཚོང་འདུས་སྐབས་དང་པོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཉོ་ཚོང་འགྲེམས་ཚོགས་སྐབས་གཉིས་པ་དང་སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱི་འགྲེམས་སྟོན་ཚོང་འདུས་སྐབས་དང་པོ་འཚོགས་ནས་ལྗོངས་ནང་ཁུལ་གྱི་ས་ཁང་བདག་ཁོངས་ཁེ་ལས་དང་། དངུལ་རྩའི་ལས་ཁུངས། དེ་བཞིན་སྡེ་ལས་དོ་དམ་ཀུང་སི་20ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་འགྲེམས་ཞུགས་ཁེ་ལས་ཀྱིས་ངེས་མཁོ་དང་ལེགས་གཏོང་སོགས་དབྱེ་བ་མི་འདྲ་བའི་སྤུས་ལེགས་ཀྱི་ཁང་ཁུངས་དང་སྡེ་ལས་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། ཁེ་ལས་དང་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་གང་ལེགས་ཐུབ་ཆེད། འགྲེམས་ཚོགས་རིང་གཙོ་གཉེར་ཕྱོགས་ཀྱིས་ད་དུང་སྡོད་ཁང་ཉོ་སྒྲུབ་ཀྱི་ཁ་གསབ་དང་། ཁེ་ལས་ལ་ཕན་པ་བསྐྲུན་པ། དངུལ་རྩའི་རྒྱབ་སྐྱོར་སོགས་སྲིད་ཇུས་དྲིལ་བསྒྲགས་ཀྱང་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་བཙུགས་པའི་སྡེ་ལས་ཀྱི་གླེང་ཕྱོགས་སྣེ་ལེན་ས་ཚིགས་དང་ཉིས་བརྒྱུད་ཁང་པ་ཉོ་ཚོང་ཆ་འཕྲིན་བསྡུ་རུབ་ས་ཚིགས་ཀྱིས་གྲོང་མིར་སྟབས་བདེའི་ཞབས་ཞུ་སྔར་བས་མང་བ་བསྒྲུབས་ཡོད་པ་རེད།

    བྱེད་སྒོའི་གཙོ་གཉེར་ཕྱོགས་ཀྱི་འགན་འཁུར་བས། ད་ཐེངས་ཀྱི་འགྲེམས་ཚོགས་སྤེལ་བའི་དམིགས་ཡུལ་ནི་གྲོང་མིར“གཅིག་འཐུས་རྣམ་པའི”སྡོད་ཁང་ཉོ་སྒྲུབ་དང་། དངུལ་བུན་གཏོང་བའི་སྲིད་ཇུས་བློ་འདྲི། སྡེ་ལས་བློ་འདྲིའི་ལས་སྟེགས་བཅས་བཏོན་ནས་ལྷོ་ཁའི་ས་ཁང་བདག་ཁོངས་ལས་རིགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་དཔལ་འབྱོར་གྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ཏེ་གྲོང་མི་མང་ཚོགས་ལ་སྡོད་གནས་ཉམས་ལེན་དང་ཞབས་ཞུའི་གདམ་ག་དེ་བས་མང་བ་དང་དེ་བས་ཡག་པ་འདོན་ཆེད་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།