དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། དེའི་དམིགས་ཡུལ་ནི་ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་དང་སྤྱོད་ཚུལ་འཛུགས་སྐྱོང་སྔར་བས་ལེགས་སུ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཞི་རིམ་དུ་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་ཆེད་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་རྫོང་ཡོངས་ཀྱི་ན་གཞོན་ལས་བྱེད་པ་དང་། གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ། སྲིད་གཙང་ཐད་ཉེན་ཁ་ཅུང་ཆེ་བའི་ལས་གནས་ཀྱི་ལས་བྱེད་པ་བཅས་ཞུགས་ཤིང་། རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅིས་ས་གནས་ས་ཐོག་ཏུ་སློབ་གཉེར་བ་ཚོར་ཆེད་དོན་སློབ་ཚན་ཁྲིད་ཡོད། གཞན་ཡང་། རྫོང་ཨུད་ཏང་གི་སློབ་གྲྭས་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྲིད་ཁྲིམས་པུའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན་རེན་ཅིན་གདན་དྲངས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་དམིགས་ཏེ་སློབ་ཚན་ཁྲིད་ཡོད།

    ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ལེའུ་རེ་རེ་བཞིན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པས། སློབ་གཉེར་བ་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་ཐུབ་ཡོད། ཁོང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་ཆོད་སེམས་བརྟན་པོ་ཤེས་རྟོགས་ཐུབ་པ་དང་། རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟས་ཏེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་མཁན་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་བཤད།

    ལག་ལེན་གྱི་སློབ་ཁྲིད་བརྒྱུད་རིམ་ཡང་སྔར་བཞིན་སྣ་མང་ཕུན་སུམ་ཚོགས་པོ་བྱུང་ཡོད། སྲིད་གཙང་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་བརྒྱུད། སློབ་གཉེར་བ་ཚོས་སྲིད་གཙང་རིག་གནས་ཀྱི་ཤེས་བྱ་རྟོགས་ཐུབ་པ་མ་ཟད། མི་སེམས་འགུལ་བའི་ལག་ལེན་གྱི་བྱེད་སྒོས་སློབ་གཉེར་བ་ཚོས་སྤྱོད་གཙང་སྲིད་གཙང་གི་བསམ་བློའི་རྩ་བ་བརྟན་དུ་བཏང་བ་དང་། སྤྱོད་གཙང་སྲིད་སྐྱོང་གི་གོམ་པ་དང་པོ་ཡག་པོ་སྤོས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སློབ་གསོའི་བྱ་ཐབས་འདི་དག་གིས་སློབ་གཉེར་བའི་བྱ་བ་སྒྲུབ་འདོད་ཡོད་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པ་བཅས་ཀྱི་ཆོད་སེམས་ཆེ་རུ་ཕྱིན་ཏེ། ཁོང་ཚོའི་སླད་ཕྱིན་གྱི་ལས་དོན་སྒྲུབ་པར་སྒུལ་ཤུཌ་ཆེན་པོ་ཞིག་བསྣན་ཡོད་པ་རེད།

    གསོ་སྦྱོང་མཇུག་འགྲིལ་རྗེས། སློབ་གཉེར་བ་ཚོས་ཐེངས་འདིའི་གསོ་སྦྱོང་འགོ་ཚུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས“སྤྱོད་ཚུལ་བཞི”མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།