དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་པེ་ཅིང་དུ་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིག་གནས་ཡུལ་སྐོར་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་པེ་ཅིང་དུ་རྒྱལ་སྤྱིའི་རྒྱ་སེའི་མེ་ཏོག་གི་འདུ་ཚོགས་ཆེ་མོའི་གྲ་སྒྲིག་བྱེད་སྒོ་སྐབས་དགུ་པར་ཞུགས་པས། ལེ་དབར་སྟོང་ཕྲག་བརྒལ་བའི་རིག་གནས་སྤེལ་རེས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་པེ་ཅིང་མོན་ཐོའུ་ཀོའུ་ཆུས་ཡུང་ཏིང་ཐོག་ཁང་དུ་བཤམས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་སྲོལ་རྒྱུན་ལག་ཤེས་ལས་ཐོན་པའི་ཡིད་དུ་འོང་བའི་ཅ་ལག་དང་། པིར་རྩལ་མཁས་པའི་སོར་རྩེ་ལས་འཁྲུངས་པའི་ཐང་ག དྲི་ཞིམ་ཀུན་ལ་ཁྱབ་པའི་བོད་སྤོས་སོགས་ལས་སྟོད་ལུང་བདེ་ཆེན་ཆུས་ཀྱི་རིག་གནས་ཀྱི་རྨང་གཞི་ཟབ་མོ་མངོན་ནས་པེ་ཅིང་གི་གྲོང་མི་མང་དག་ཅིག་ལྟ་སྐོར་མྱོང་རོལ་ལ་ཡོང་བའི་ཡིད་དབང་བཀུག་ཡོད། ད་ཐེངས་ཀྱི་བྱེད་སྒོས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་པེ་ཅིང་དུ་བརྒྱུད་སྤེལ་བྱེད་པར་སྐུལ་འདེད་ཐེབས་ནས“སྟོད་ལུང་གི་ཐོན་རྫས་ཡག་པོ”དེ་བས་ཡངས་པའི་ཁྲོམ་རར་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་སྟེ། ས་ཆ་གཉིས་ཀྱི་འབྲེལ་མཐུད་སྤེལ་རེས་ལ་འབྲེལ་ཟམ་བརྟན་པོ་ཞིག་བཙུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་རྒྱ་སེའི་མེ་ཏོག་གི་འདུ་ཚོགས་ཆེ་མོ་སྐབས་དགུ་པ་ཟླ་5ཚེས་10ཉིན་ནས་15ཉིན་བར་གཉེར་རྒྱུ་རེད། སྐབས་དེ་དུས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་འགྲེམས་ཚོང་མུ་མཐུད་སྒྲིག་འཛུགས་བྱས་ནས་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་དང་། མོན་ཐོའུ་ཀོའུ་ཆུས་དང་མཉམ་ལས་སྔར་བས་བྱེད་ཟབ་ཏུ་བཏང་སྟེ་ས་ཁུལ་གཉིས་པོ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།