དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ཁག་གིས་དིང་རིའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཉེ་ཆར། གསར་འགོད་པས་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་བརྟན་ལ་གོ་རིམ་ལྡན་པའི་ངང་དངུལ་རྩས་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་རོགས་སྐྱོར་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཟླ་3པའི་ཟླ་མཇུག་བར། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ཁག་གིས་གནོད་འཚེ་ཕོག་པའི་ཁེ་ལས་ལ་དངུལ་བུན་ཁག་64བཏང་བར་དངུལ་འབོར་སྒོར་དུང་ཕྱུར་2.09ཟིན་པ་དང་གནོད་འཚེ་ཕོག་པའི་མི་སྒེར་དང་ཁེར་རྐྱང་ཚོང་དུད་ལ་དངུལ་བུན་ཁག་944བཏང་བར་དངུལ་འབོར་སྒོར་དུང་ཕྱུར་1.97ཟིན་ཡོད་ལ། གནོད་འཚེ་ཕོག་པའི་ཞིང་འབྲོག་མང་ཚོགས་ལ་དངུལ་བུན་ཁག་6843བཏང་བར་དངུལ་འབོར་སྒོར་དུང་ཕྱུར་8.09ཟིན་གྱི་ཡོད་པ་རེད།

    དངུལ་ཁང་ཁག་གིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་གཞིགས་ནས། ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་དང་མི་སྒེར་གྱི་དངུལ་བུན་འཐེན་བཅད་མི་བྱེད་པར་དངུལ་བུན་འཇལ་བའི་དུས་ཚོད་ལྷུག་གཏོང་དང་། དངུལ་བུན་གསར་པ་བཏང་ནས་དངུལ་བུན་རྙིང་པ་འཇལ་བ། ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། ལེགས་སྒྲིག་བྱས་རྗེས་ཀྱི་བུན་འཇལ་བཀོད་སྒྲིག་གཞིར་བཟུང་ཡིད་རྟོན་ཐོ་བཀོད་འབུལ་སྐྱེལ་བྱས་ཏེ་འབྲེལ་ཡོད་ཁེ་ལས་དང་མི་སྒེར་ལ་ས་ཡོམ་གྱི་གནོད་འཚེའི་ཤུགས་རྐྱེན་སེལ་རྒྱུར་རོགས་སྐྱོར་བྱས་ཤིང་། ཟླ་གསུམ་པའི་ཟླ་མཇུག་བར། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ཁག་གིས་གནོད་འཚེ་ཕོག་པའི་ཉིང་ལག་དངུལ་ཁང་11དང་དྲ་ཚིགས་47ལ་2025ལོའི་ཟླ་གསུམ་པའི་གོང་དུ་དུས་བཀག་ཐིམ་པའི་ཞིང་དུད་དངུལ་བུན་ཐེངས་7168ཀྱི་དངུལ་སྒོར་དུང་ཕྱུར་7.3ཉིན180བར་ནར་འགྱངས་བྱས་པ་དང་། ཁེ་ལས་གསུམ་ལ་བུན་འཇལ་དུས་ཚོད་ནར་འགྱངས་ཆ་སྙོམས་ལོ་གཅིག་བྱས་པའི་དངུལ་འབོར་སྒོར་ཁྲི་679.37ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།