དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་རའི་འཇུག་འཐུས་ཀྱི་འགོག་རྐྱེན་སེལ་བ་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ།

    ཁྲོམ་རའི་འཇུག་འཐུས་ལམ་ལུགས་ཀྱི་བླང་བྱ་དང་འགལ་བའི་རིགས་ཁག་གི་གཏན་འབེབས་ཡིག་ཆ་སོགས་གཙང་སེལ་དང་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-07

    གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཁྲོམ་རའི་འཇུག་འཐུས་འགོག་རྐྱེན་སྒྲིག་འགལ་ངང་བཟོ་བའི་རིགས་ཁག་གི་ལུགས་མཐུན་མིན་པའི་གཏན་འབེབས་དང་བྱེད་ཐབས་ཕྱོགས་ཡོངས་ནས་གཙང་སེལ་དང་བཅོས་སྒྲིག་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚོང་དོན་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲོམ་རའི་འཇུག་འཐུས་ཀྱི་འགོག་རྐྱེན་སེལ་བ་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ་རེད།

    ད་ཐེངས་གཙང་སེལ་དང་བཅོས་སྒྲིག་གི་གཙོ་གནད་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ། དེ་མིན་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་སོགས་རྣམ་པའི་ཐོག་ནས་བཙུགས་པ་དང་ལག་བསྟར་བྱས་པའི་ཁྲོམ་རའི་འཇུག་འཐུས་ལམ་ལུགས་ཀྱི་བླང་བྱ་དང་འགལ་བའི་རིགས་ཁག་གི་གཏན་འབེབས་ཡིག་ཆ་དང་དེ་བཞིན་རིམ་ཁག་སྲིད་གཞུང་གིས་སྒྲིག་འགལ་ངང་ཁྲོམ་རའི་འཇུག་འཐུས་འགོག་རྐྱེན་བཟོ་བའི་རིགས་ཁག་གི་བྱེད་ཐབས་རེད།

    དེའི་ནང་གཙོ་བོ་རྒྱལ་ཁབ་རིམ་ངོས་ནས་ལག་ལེན་བསྟར་རུང་ས་གནས་སུ་སྔར་བཞིན་ཞིབ་མཆན་འགོད་བཞིན་པ་དང་། ཞིབ་མཆན་འགོད་སྐབས་བཅའ་ཁྲིམས་ཀྱི་ནུས་པ་ཞན་པ། ལས་རིགས་འགོག་རྐྱེན་ལས་ཐོན་པའི་འཇུག་འཐུས་སྒྲིག་སྲོལ་འདྲ་མཉམ་མེད་པ། སྲིད་གཞུང་གི་ལྟ་འདོམས་ནུས་པ་མི་འདང་བས་ཞིབ་མཆན་འགོད་མི་ཕོད་པ། སྒྲིག་འགལ་ངང་ཞིབ་མཆན་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་སྒྱུར་བའམ་ཡང་ན་ཞིབ་མཆན་གྱི་ཆ་རྐྱེན་མང་དུ་བཏང་བ། ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱས་ནས་ས་ཁོངས་དབར་གྱི་ཁྲོམ་རའི་འགོག་རྐྱེན་བཟོས་པ། ཕྱི་ནས་ཡོང་བའི་ཁེ་ལས་ལ་འཇུག་འཐུས་ཀྱི་ཚོད་འཛིན་བཟོས་པ། ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་འཇུག་འཐུས་དང་ལྷག་པར་དུ་དོ་དམ་དང་བྱེད་ཐབས་ཀྱི་བླང་བྱ་ལས་འགལ་བ་དང་སྒྲིག་འགལ་ངང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འཇུག་འཐུས་ཚོད་འཛིན་བཟོས་པ། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ལྟ་འདོམས་སྟོང་ཆ་ལས་ས་ཞིང་དང་། འཆར་འགོད། མེ་ཟོན་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལྷུ་ཚིགས་ཐད་སྲིད་གཞུང་གིས་ལས་མི་བྱེད་པ་དང་། ཞིབ་མཆན་མི་འགོད་པའམ་ཡང་ན་ཞིབ་མཆན་འགོད་པའི་འགན་འཁྲི་རང་འགན་གཞན་དཀྲི་བྱས་པ། འཇུག་འཐུས་བླང་བྱར་འགལ་བ་བཟོས་ཏེ་སྔོན་སྒྲུབ་ཆ་རྐྱེན་དུ་བརྩིས་པ། ཁས་ལེན་ལམ་ལུགས་ཀྱི་ཞིབ་མཆན་བླང་བྱ་གསལ་པོ་མེད་པ་དང་ཕྱི་གསལ་ནང་གསལ་མེད་པའི་སྐོར་བཤད་ནས་གཉེར་སྐྱོང་གི་ཉེན་ཁ་ཆེ་རུ་བཏང་བ། འཇུག་འཐུས་ཚད་གཞི་མཐོ་བ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ། རྒྱུ་མཚན་མེད་པར་ཞིབ་མཆན་ནར་འགྱངས་སམ་ཡང་ན་ཞིབ་མཆན་ཐོབ་རུང་སྲིད་གཞུང་གིས་དེ་མིན་གྱི་འབྲེལ་ཡོད་འགྲོ་ལུགས་གཉེར་བར་ཁས་མ་བླངས་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བའི་ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལས་འགལ་བའི་དཔེ་མཚོན་གྱོད་དཔེའི་རིགས་ཀྱི་སྒྲིག་འགལ་གནས་ཚུལ། དེ་མིན་གྱི་ཁྲོམ་རའི་འཇུག་འཐུས་ལམ་ལུགས་ཀྱི་བླང་བྱ་དང་འགལ་བའི་གནས་ཚུལ་རིགས་བཅས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།