“ལྔ་གཅིག”གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་བྲིན་ཚོང་གྲངས་འབོར་དུས་མཚུངས་ལས་6.3%འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི“ལྔ་གཅིག”གུང་གསེང་རིང་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་དར་རྒྱས་ཤུགས་ཆེན་བྱུང་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་བྲིན་ཚོང་གྲངས་འབོར་དུས་མཚུངས་ལས་6.3%འཕར་ཡོད་པ་རེད།
རྙིང་པ་གསར་པར་བརྗེ་བར་དགའ་བསུ་ཆེན་པོ་ཐོབ་ཅིང་། 2025ལོའི་ལོ་འགོ་ནས་ཟླ་5ཚེས་5ཉིན་གྱི་ཆུ་ཚོད་0བར། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་300ལྷག་ཙམ་ཟིན་པ་དང་། འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་རིགས་ཆེ་གྲས་12ཀྱི་ཐོན་རྫས་ཁྲི་5516རྙིང་པ་གསར་པར་བརྗེས་པ་དང་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་4167ཉོས་ཡོད། གུང་གསེང་གི་ཉིན་དང་པོ་ནས་བཞི་པའི་བར། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་6ལྷག་ཙམ་ཟིན་ནས་སྒོར་དུང་ཕྱུར་88ཟིན་པའི་རླངས་འཁོར་གསར་པ་བྲིན་ཚོང་བྱེད་པར་སྐུལ་ཁྲིད་བྱས་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་རིགས་ཆེ་གྲས་12ཀྱི་ཐོན་རྫས་སྣ་ཁ་ཁྲི་356ཉོས་ནས་སྒོར་དུང་ཕྱུར་119ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་བྱས་པ། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་242ཉོས་ནས་སྒོར་དུང་ཕྱུར་64བྲིན་ཚོང་བྱེད་པར་སྐུལ་ཁྲིད་བྱས་ཡོད་པ་རེད།
གུང་གསེང་རིང་། ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སིལ་ཚོང་ཁེ་ལས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་། རླངས་འཁོར། འཕྲིན་གཏོང་ཡོ་བྱད་བཅས་ཀྱི་བྲིན་ཚོང་དངུལ་འབོར་དུས་མཚུངས་ལས་15.5%དང་། 13.7% 10.5%བཅས་སོ་སོར་འཕར་ཡོད། ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་རིག་ནུས་ཁྱིམ་ཆས་བྲིན་ཚོང་དངུལ་འབོར་དུས་མཚུངས་ལས་20%འཕར་བ་དང་། གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སིལ་ཚོང་ཁེ་ལས་ཀྱི་ལུས་རྩལ་རོལ་རྩེད་མཁོ་ཆས་བྲིན་ཚོང་དངུལ་འབོར་14.8%འཕར་ཡོད་པ་རེད།
ཞབས་ཞུའི་འཛད་སྤྱོད་མུ་མཐུད་མང་དུ་ཕྱིན་ནས་བཟའ་བཏུང་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་སོང་ཞིང་། ཚོང་དོན་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་བཟའ་བཏུང་ཁེ་ལས་ཀྱི་བྲིན་ཚོང་དངུལ་འབོར་དུས་མཚུངས་ལས་8.7%འཕར་ཡོད་པ་རེད།