ལང་ཚོ་ངོམས་ནས་འབད་འབུངས་མདུན་སྐྱོད་བྱེད།
ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་མཚམས་སུ། རང་ལྗོངས་ཀྱི་ས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ཚོས“ལང་ཚོའི་ཕུགས་འདུན”དང“ཀྲུང་གོའི་ཕུགས་འདུན”མཉམ་འདྲེས་བྱས་ཏེ་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་ཀྱི་ལས་འགན་ཧུར་ཐག་འཁུར་རྒྱུར་སྐུལ་ལྕག་བྱས་ཡོད་པ་རེད།
རྒྱ་ཆེའི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ལྕག་སྐུལ་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་སྡེ་ཚོགས་ལྗོངས་ཨུ་ལྷན་དང་མཉམ་དུ་ལྗོངས་ཐད་གཏོགས་ཚན་པའི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་གཉེར་ཞིང་། འདི་ནི་མི་གསུམ་ལས་གྲུབ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
བོད་སྡོད་དཔུང་སྡེ་ཞིག་གིས“ལང་ཚོའི་ངར་ཤུགས་འཕེལ། དམག་དཔུང་སྟོབས་ཆེར་གཏོང་བར་ང་ཡིས་འབད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། འདི་ནི་དཔུང་སྡེའི་དཔོན་དམག་ཚོས་གཏམ་བཤད་སྤེལ་བཞིན་པ།
གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར“གསར་བརྗེའི་ཆབ་མདོ། འབད་འབུངས་མདུན་སྐྱོད”ཅེས་པའི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཀྱི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོའི་ཐོག་སློབ་མའི་འཐུས་མིས་གཏམ་བཤད་སྤེལ་བཞིན་པ།