དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་སྣང་དོད་ཅིང་གསོན་ཤུགས་གསར་པ་རྒྱས་པའི་གྲོང་ཁུལ་ཞིག

    —— ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-07

    2024ལོའི་ལོ་མཇུག་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་གྲོང་ཁུལ་གཙོ་བོའི་རྫ་ཟམ་ཁ་དང་། སྤོམ་མདའ་སྲང་ལམ། སྐྱ་ཐང་སྲང་ལམ། སྟག་རྩ་ཐང་སྲང་ལམ། དཀར་ཐང་སྲང་ལམ་བཅས་ཡུག་ཁུལ་ཆེན་པོ་ལྔའི་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྒྱུར་བཀོད་ཕྲན་བུ་དང་མང་ཚོགས་ཀྱི་ཁང་པ་བསྐྱར་སྐྲུན་ཟུང་འབྲེལ་བྱེད་སྟངས་བརྒྱུད་སྡོད་ཁང་སྐྱོ་ཁུལ་དང་ཁུལ་ཆུང་རྙིང་པའི་སྒྲིག་བཀོད་རྗེས་ལུས་དང་དེ་བཞིན་འགྲོ་ལམ་གུ་དོག་ཅིང་། ཆར་ཆུ་དང་བཙོག་ཆུས་ཁེངས་པ་སོགས་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་པས་གྲོང་ཁྱེར་གསར་སྒྱུར་བྱུང་བ་དང་ཆབས་ཅིག མང་ཚོགས་ཀྱི་སྐྱིད་སྣང་ཟབ་ཏུ་ཕྱིན་ཡོད།

    ཞོགས་པ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྐྱ་ཐང་སྲང་ལམ་དུ་གྲོང་མིའི་དགོད་སྒྲའི་ཁྲོད་དུ་སྔོག་འདོན་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་པ་བསྟུན་ནས་ལས་ཀ་བྱེད་བཞིན་ཡོད།

     སྔོན་ཆད་འགྲོ་ལམ་གུ་དོག་ལ་མདོང་ལམ་རྙིང་པ་ཡིན་པའི་གཡབ་ཚང་ཁུལ་དུ་ད་ཆ་ཉིན་ལྟར་འགྱུར་ལྡོག་གསར་པ་ཐོན་བཞིན་ཡོད། “སྔོན་ཆད་རླངས་འཁོར་བཏང་ནས་ཕྱི་རོལ་དུ་བསྐྱོད་པར་རྙོག་དྲ་ཆེན་པོ་ཡོད། སྔོན་ལ་ཐོག་ཁ་ནས་སྲང་ལམ་དུ་རླངས་འཁོར་ཡོང་མཁན་ཡོད་མེད་ལྟ་དགོས་པ་དང་། སྐབས་འགར་སྲང་ལམ་དུ་རླངས་འཁོར་གཞན་དང་འཕྲད་ན་དེ་བས་རྙོག་དྲ་ཆེན་པོ་ཡོད”ཅེས་གྲོང་མི་རྡོ་རྒྱལ་གྱིས་གསར་དུ་བཟོ་བཞིན་པའི་ལམ་ངོས་ལ་ལྟ་བཞིན་དེ་ལྟར་བཤད།

    སྐྱ་ཐང་སྲང་ལམ་གྱི་འགྱུར་ལྡོག་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་གྲོང་ཁྱེར་སྒྱུར་བཀོད་གསར་སྒྱུར་གྱི་བསྡུས་རིས་ཤིག་རེད། 2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཁ་རུབ་ཆུས་ཀྱི་ཡུག་ཁུལ་ཆེན་པོ་ལྔ་གསར་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་6.96བཏང་བར་འགྲོ་ལམ་རྒྱ་སྐྱེད་དང་། ཆུ་འདོན་དང་ཆུ་འབུད་མདོང་ལམ་རིམ་སྤོར། སྡེ་ཁུལ་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་ཚུད་ཡོད་པ་རེད། དེའི་ནང་རྫ་ཟམ་ཁའི་ཡུག་ཁུལ་སྔོན་ལ་འགོ་ཚུགས་པ་དང་2024ལོའི་ཟླ་9པར་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་8778.53བཏང་བའི་ལེ་ལག་ཚང་བའི་རྣམ་གྲངས་ནང་སྡེ་ཁུལ་གྱི་བྱེད་སྒོའི་ལྟེ་གནས་དང་། གསང་སྤྱོད། རླངས་འཁོར་འཇོག་ས། གད་སྙིགས་བསྡུ་རུབ་ས་ཚིགས། སྡེ་ཁུལ་གྱི་འགྲོ་ལམ་སོགས་ཚུད་ཡོད།

    ཁ་རུབ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་ལི་སི་ཅེས“རྫ་ཟམ་ཁའི་ཡུག་ཁུལ་དུ་ང་ཚོས་ལངས་གཟུགས་རླངས་འཁོར་འཇོག་སའི་ཐོག་ཁང་གཅིག་གསར་སྐྲུན་བྱ་རྩིས་ཡོད། དེར་ཕལ་ཆེར་རླངས་འཁོར་200འཇོག་ཐུབ་པས་ཉེ་འཁོར་གྱི‘རླངས་འཁོར་འཇོག་དཀའ་བའི’གནད་དོན་ཞི་ལྷོད་དུ་ངེས་ཅན་གཏོང་ཐུབ་པ་མ་ཟད། གྲོང་ཁུལ་དུ་རླངས་འཁོར་འཇོག་པའི་དོ་དམ་ཐད་ལའང་དཔེ་ལྟ་ས་མཁོ་འདོན་བྱས་ཡོད”ཅེས་བཤད།

    མྱུར་ཚད་མགྱོགས་ཤོས་ཀྱི་ལྟེ་བའི་ཆུ་རགས་ཡུག་ཁུལ་གྱི་བདེ་སྐྱིད་སྲང་ལམ་གྱི་ཆུ་འདོན་དང་ཆུ་འབུད་སྒྱུར་བཀོད་ཀྱི་ལས་གྲྭ་ཡང་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད། ཨར་ལས་བྱ་ཡུལ་དུ་བཟོ་པ་ཚོས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱས་ནས་མདོང་ལམ་འདིང་བཞིན་ཡོད། “སྔོན་གྱི་འཆར་གཞི་ལྟར་ན་ལས་ཡུན་ཟླ་བ་གཉིས་ཡིན་མོད། ང་ཚོས་ལས་རིམ་བཟང་སྒྲིག་བྱས་རྗེས་ཉིན་40བར་ཐུང་དུ་བཏང་སྟེ་ཚོང་པར་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཡོད”ཅེས་ལྟེ་བའི་ཆུ་རགས་ཡུག་ཁུལ་བདེ་སྐྱིད་སྲང་ལམ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་འགན་ཁུར་བ་ལི་ཅན་གྱིས་ཨར་ལས་དཔེ་རིས་ལ་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་བའི་ཆུ་རགས་ཡུག་ཁུལ་གྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་རྣམ་གྲངས་ནང་ཁྲོམ་ཆེན་གཞུང་ལམ་སྡེ་ཁུལ་དང་བདེ་སྐྱིད་ཁུལ་ཆུང་གི་ཆུ་འདོན་དང་ཆུ་འབུད་དེ་བཞིན་གློག་ཤུགས་ཉམས་གསོ་སྒྱུར་བཀོད་ཚུད་ཡོད་ཅིང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་9པར་རྣམ་གྲངས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    དཀར་ཐང་སྲང་ལམ་ཡུག་ཁུལ་དུ་ཁྱོན་མ་དངུལ་སྒོར་ཁྲི་9296.79བཏང་བ་དང་ལས་ཡུན་ལོ་གཅིག་ཡིན་པའི་མདོང་དྲ་རིམ་སྤོར་རྣམ་གྲངས་དེ་འདི་ལོའི་ཟླ་3པར་འགོ་བཙུགས་པ་རེད། ཨར་ལས་བྱ་ཡུལ་དུ་སྔོག་འདོན་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ཡོད་པ་དང་བཟོ་པ་ཚོས་གོ་རིམ་ལྡན་པའི་སྒོ་ནས་མདོང་ལམ་གསར་པ་འདིང་བཞིན་ཡོད། རྣམ་གྲངས་ཀྱི་འགན་ཁུར་བ་ཀོའུ་ཞུན་གྱིས“ང་ཚོས་ལས་དུས་འཕར་མ་བྱས་ནས་ཉིན་མཚན་དབྱེར་མེད་དུ་འབད་འཐབ་ཀྱིས་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།

    གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ཆབ་མདོ་གྲོང་ཁྱེར་གྱི“ལྟེ་བའི་ཡན་ལག”གྲོང་ཁྱེར་གྱི་འཆར་འགོད་རིམ་བཞིན་གསལ་པོ་བྱུང་ཡོད། ཁ་རུབ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་4པའི་ཟླ་འགོ་བར་རྫ་ཟམ་ཁ་དང་སྐྱ་ཐང་སྲང་ལམ་ཡུག་ཁུལ་དུ་སྤྱིའི་ལས་གྲྭའི་ལས་འབོར་25%ལེགས་གྲུབ་བྱུང་བ་དང་། ལྟེ་བའི་ཆུ་རགས་དང་དཀར་ཐང་སྲང་ལམ་ཡུག་ཁུལ་དུ་5%ལེགས་གྲུབ་བྱུང་བ། སྤོམ་མདའ་སྲང་ལམ་ཡུག་ཁུལ་གྱི་ལས་གྲྭ་འགག་སྒྲོལ་གྱི་ལྡོག་རྩིས་དུས་སྐབས་སུ་སླེབས་པ་བཅས་རེད། སླད་ཕྱིན་ཆབ་མདོས་གསར་སྒྱུར་རྣམ་གྲངས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས་འགྲིམ་འགྲུལ་གྱི“འཕར་རྩ་གཙོ་བོ”དང་སྦྲེལ་ནས་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ཤར་གྱི་དྭངས་གསལ་མུ་ཏིག་གི་གནའ་ཉམས་སོར་འཇོག་གིས་གསོན་ཤུགས་གསར་པ་འཕེལ་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།