དམིགས་བསལ་གྱི་བྱེད་སྒོས་གུང་གསེང་ལ་སྤྲོ་སྣང་སྦྱིན་པ།
“ལྔ་གཅིག”ངལ་གསོའི་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། མི་རྣམས་ཀྱིས་ཁྱིམ་ནས་ཐོན་ཏེ་སྤྲོ་སྣང་དོད་པའི་དུས་ཆེན་དགའ་གཏོང་བྱེད་བཞིན་ཡོད།
ཉེ་ཆར། “ཉི་འོད་གྲོང་ཁྱེར། གླིང་ཁའི་རོལ་དབྱངས་འདུ་ཚོགས”ཀྱི་དུས་ཚིགས་གཉིས་པའི་འཁྲབ་སྟོན་ལྷ་ས་ནོར་བུ་གླིང་ཁར་བྱས་པ་དང་། འཁྲབ་སྟོན་གཙོ་བོ་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཐུན་མོང་མ་ཡིན་པའི་རོལ་དབྱངས་ལེ་ཚན་ལེའུ་བྱས་ནས་འཁྲབ་སྟོན་བྱས་པ་མ་ཟད། དབྱིངས་ཞུགས་རྣམ་པའི་རིག་གནས་ཉམས་ལེན་ཁུལ་ཡང་བཀོད་སྒྲིག་བྱས་ཡོད། འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གི་དམངས་ཁྲོད་སྒྱུ་རྩལ་རུ་ཁག་གིས་གཞས་ཆེན་གཏོང་བཞིན་པ།
“ལྔ་གཅིག”ངལ་གསོའི་རིང་། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གིས་མངོན་མིན་རིག་གནས་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་བོད་ཡིག་གི་ཡིག་གཟུགས་ཉམས་ལེན་དང་སྤོས་བཟོ་བ་སོགས་ཀྱི་བྱེད་སྒོ་སྤེལ་བས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། འདི་ནི་བོད་ཡིག་གི་ཡིག་གཟུགས་ཉམས་ལེན་ཁུལ་དུ་དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཞིག་ལ་སྨྱུ་གུ་འཛིན་སྟངས་སློབ་བཞིན་པ།