དུས་རབས་གསར་པའི་ས་མཐོའི་ངལ་རྩོལ་པར་གུས་འདུད་ཞུ།
འདི་ནི་བཟོ་པས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཡུལ་དུ་ལྕགས་ཧྲེང་དབོར་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་སྨན་པས་སྨན་ཆུ་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ལས་མིས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་ཤར་ལམ་གྱི་ཕྱོགས་བསྡུས་སྒྱུར་བཀོད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།
འདི་ནི་བཟོ་པས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པ།
འདི་ནི་ཁོར་ཡུག་གཙང་སྦྲ་བས་རྩྭ་ངན་བཀོག་བཞིན་པ།
འདི་ནི་བཟོ་སྐྲུན་ལས་མིས་མཐོ་འཛེགས་ལས་སྒྲུབ་བྱེད་བཞིན་པ།
འདི་ནི་མཚོ་བོད་ཚོགས་པ་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་གློག་སྒྱུར་གློག་བགོས་འཁོར་སྐྱོད་འཁོར་ཁང་གི་ཟངས་རི་གློག་འདོན་འཁོར་སྐྱོད་ལས་ཁུལ་གྱི་ལས་བཟོས་གློག་ཤུགས་སྒྲོམ་གཞིའི་སྐུད་ལམ་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།
འདི་ནི་བོད་ལྗོངས་ཧྲང་ཁྲུའུ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་མིས་ལས་ཀ་བྱེད་བཞིན་པ།
འདི་ནི་ཁོར་ཡུག་གཙང་སྦྲ་བས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྱི་སྲང་ལམ་དུ་གད་སྙིགས་དབོར་འཁོར་ལ་གཙང་སྦྲ་བྱེད་བཞིན་པ།
གངས་ལྗོངས་ས་མཐོའི་ཡུལ་དུ་མི་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོང་ཚོས་ལག་ཟུང་ལ་བརྟེན་ནས་གྲོང་ཁྱེར་གྱི་མཐོ་ཚད་སྐྲུན་པ་དང་། གོམ་སྟབས་ལ་བརྟེན་ནས་ས་གཞིའི་དྲོད་ཚད་འཇལ་བ། ལས་གནས་བརྟན་སྲུང་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་སྒྲོན་འཚེར་བར་བྱས་པ། བཟོ་བོའི་བློ་སྟོབས་ལ་བརྟེན་ནས་དུས་རབས་ཀྱི་སྒལ་ཚིགས་དྲང་པོར་སྲོང་བ་བཅས་བྱེད་ཀྱི་ཡོད། ཁོང་ཚོ་ནི་ཨར་ལས་བཟོ་པ་དང་། གྲོང་ཁྱེར་འཛུགས་སྐྲུན་པ། ཁོར་ཡུག་གཙང་སྦྲ་བ། སྨན་བཅོས་ལས་དོན་པ། འཁོར་ཁང་གི་བཟོ་པ་སོགས་ཡིན་ཞིང་། ཁོང་ཚོར་གཅིག་མཐུན་གྱི་མིང་ཞིག་ཡོད་པ་ནི་ངལ་རྩོལ་པ་ཞེས་པ་དེ་རེད། ང་ཚོས་བརྙན་ཤེལ་བརྒྱུད་ཕལ་པའི་གཟུགས་བརྙན་ལས་རླབས་ཆེན་གྱི་སྙིང་སྟོབས་འདི་དག་ཟིན་ཐོར་བཀོད་ནས་ས་མཐོའི་ཡུལ་ལུང་དུ་ཁོང་རྣམ་པས་དཀའ་སྤྱད་ཀྱི་རྔུལ་ཆུ་གཏོར་བ་དང་གཞོན་པའི་ལང་ཚོ་ལེགས་སྐྱེས་སུ་ཕུལ་བར་གུས་འདུད་ཞུ།
ངལ་རྩོལ་ནི་ས་མཐོའི་ཡུལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཡིན་ལ། འབད་འཐབ་ནི་དུས་རབས་ཀྱི་ཆེས་འོད་སྟོང་འཕྲོ་བའི་རང་མདངས་ཤིག་ཀྱང་ཡིན། ཨར་སྐྲུན་ལས་ཡུལ་དུ་ཨར་ལས་བྱེད་པ་དང་སྐུད་ལམ་ཞིབ་བཟོའི་ལས་གནས་བརྟན་སྲུང་། ཡང་ན་འཁོར་ཁང་ནང་གི་ལས་སྒྲུབ་ཡར་བརྩོན་དང་ནད་ཁང་ནང་གི་བྱམས་བརྩེའི་ལྟ་སྐྱོང་གང་ཡིན་རུང་། ངལ་རྩོལ་པ་མི་རེ་ངོ་རེས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད།
ང་ཚོས“ལྔ་གཅིག”ངལ་གསོའི་རིང་། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ངལ་རྩོལ་པ་ཡོངས་ལ་གུས་འདུད་ཞུ།
ཁྱེད་ཅག་ནི་གངས་ལྗོངས་ས་མཐོའི་འོད་སྣང་གསལ་ཤོས་དེ་ཡིན།