དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “གངས་ལྗོངས་ཀྱི་ཁམ་བུ་མེ་ཏོག་དུས་ཚིགས”ཞེས་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་སྒོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཉེ་ཆར་རྒྱ་ཚ་རྫོང་གིས་2025ལོའི“གངས་ལྗོངས་ཀྱི་ཁམ་བུ་མེ་ཏོག་དུས་ཚིགས”ཞེས་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྟེ། རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་ཀྱི་འགྲན་བསྡུར་ཆེན་པོ་བྱས་པ་རེད། བྱེད་སྒོར་ལྷོ་ཁ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་སྒྱུ་རྩལ་རིགས་གཅིག་མཁས་ཅན་དང་གོང་དཀར་རྫོང་གི་རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་ཕོ་ཉ་སོགས་གདན་དྲངས་ནས་ཆེད་ལས་དཔྱད་འདེམས་ཚོགས་པ་བཙུགས་ཏེ་ཕྱིའི་གཟུགས་བརྙན་དང་རིག་གནས་ཡུལ་སྐོར་གྱི་ཤེས་བྱ་སོགས་ཕྱོགས་མང་པོ་ནས་བདམས་ཐོན་པར་ཕྱོགས་བསྡུས་དཔྱད་འདེམས་བྱས་པ་རེད། འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད། འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པ་ལྷག་ཆུང་རྣམ་འགྱུར་ཡག་ལ་རྒྱ་ཚའི་རིག་གནས་ཡུལ་སྐོར་ལ་རྒྱུས་མངའ་ཆེ་བས་དཔྱད་འདེམས་པ་རྣམས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ནས་ཨང་དང་པོ་ཐོབ་པ་རེད། འདི་ནི་བདམས་ཐོན་པས་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།