དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཉིང་ཁྲི་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རྒན་གསོ་ཁང་དུ་མེ་གསོད་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་རྒན་གསོ་ཁང་གི་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་རྒན་གསོ་ཁང་གི་ལས་དོན་པ་དང་རྒན་རྒོན་ཚོར་མེ་གསོད་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་རྒན་གསོ་ཁང་གི་མེ་གསོད་ཡོ་བྱད་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་རྒན་གསོ་ཁང་གི་ལས་དོན་པར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྒན་གསོ་ཁང་དུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་མེ་གསོད་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒན་གསོ་ཁང་གི་ལས་དོན་པ་དང་རྒན་རྒོན་ཚོར་མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་དང་། མེ་སྐྱོན་སྔོན་འགོག་གི་གཞི་རྩའི་རྒྱུན་ཤེས། དེ་བཞིན་ཡང་དག་པའི་མེ་སྐྱོན་ཉེན་བརྡ་གཏོང་སྟངས་དང་མེ་གསོད་ཡོ་བྱད་སྤྱོད་སྟངས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།