དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྐྱིད་ཆུའི་བྱང་ངོགས་ཀྱི་སྦྲེལ་ཟམ་ལ་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཟླ་5ཚེས་1ཉིན། ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ལས་གྲྭ་གཉིས་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིས་སྐྲུན་འགན་འཁུར་བའི་སྐྱིད་ཆུའི་རྒྱུད་ཀྱི་ཁྱད་ལྡན་བར་མཐོངས་གསར་སྤེལ་རྣམ་གྲངས་ཏེ་གཙང་འགྲམ་ལམ་གྱི་གྲོང་ཁྱེར་དོ་དམ་ལས་གྲྭའི་ཨར་ལས་ཀྱི་ཚད་ལྡན་དུམ་བུ་གཉིས་པའི་སྦྲེལ་ཟམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ནས་འགྲུལ་བཞུད་བྱེད་འགོ་ཚུགས་ཡོད། རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ལྷ་ས་གྲོང་ཁྱེར་གྱི་ཤར་ནུབ་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་འགྲོ་རྒྱུ་མ་ཟད། གྲོང་ཁྱེར་གྱི་མ་ལམ་དྲ་རྒྱའི་གྲུབ་ཆ་ལེགས་སུ་ཕྱིན་ནས་སྐྱིད་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། ལྗོངས་གཟིགས་ཀྱི་སྤུས་ཚད་མཐོར་གཏོང་། ཁུལ་ཁོངས་གསར་སྤེལ་བཅས་ལ་སྐུལ་སྤེལ་ཐེབས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་སྦྲེལ་ཟམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།