དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོའི་སྤང་མདའ་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་30འཁོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཉེ་ཆར། འཛམ་གླིང་ཐོག་ས་བབ་མཐོ་ཚད་ཨང་གཉིས་པར་སླེབས་པའི་དམངས་སྤྱོད་གནམ་ཐང་སྟེ། ཆབ་མདོ་སྤང་མདའ་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་30འཁོར་ཡོད། གངས་ལྗོངས་ས་མཐོའི་ས་བབ་མཐོ་ཚད་སྨི་4334ཡི་སར་གནས་པའི“མཁའ་དབྱིངས་ཀྱི་མཁའ་ལམ”དེས་ལོ་30ཡི་རིང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ས་མཐོ་ཡང་མཐོའི་གནམ་ཐང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    བོད་ཤར་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་བ་གལ་ཆེན་ཞིག་ཡིན་པའི་སྤང་མདའ་གནམ་ཐང་དུ་1995ལོའི་ཟླ་4ཚེས་28ཉིན་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ་ནས“འགྲོ་འོང་དཀའ་བའི”ཆབ་མདོའི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་ཡོད། གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་30ཡི་རིང་། རིམ་རྩིས་བརྒྱབ་ན། སྤང་མདའ་གནམ་ཐང་ནས་དུས་གཏན་གནམ་གྲུ་འཕུར་ཐེངས་ཁྲི་4.9འགན་ལེན་བྱས་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་450དང་དངོས་ཟོག་དབོར་ཚད་ཏུན་ཁྲི་4ཙམ་ཟིན་ཡོད། 2024ལོར་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་45.5ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་བཏོད་ཡོད།

    མིག་སྔར། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་། བོད་ལྗོངས་མཁའ་འགྲུལ། ནུབ་རྒྱུད་མཁའ་འགྲུལ་བཅས་མཁའ་འགྲུལ་ཀུང་སི་3གྱིས་ཆབ་མདོའི་མཁའ་ལམ་གྱི་འཕུར་སྐྱོད་ལས་འགན་ཁུར་ནས་ཁྲེང་ཏུའུ་དང་། ལྷ་ས། ཁྲུང་ཆིང་། ཤིས་ཨན། མན་དབྱང་སོགས་གྲོང་ཁྱེར་ལ་ཐད་ཀར་འཕུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།