ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས།
ཐབས་མང་མཉམ་དུ་སྤྱད་ནས“ཉིན་བརྒྱའི་བྱ་སྤྱོད”གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ།
ལྷོ་བྲག་རྫོང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་པའི“ཉིན་བརྒྱའི་བྱ་སྤྱོད”གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་ཆེད། ཉིན་ཤས་བསྟུད་མར། ལྷོ་བྲག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ནུས་ཤུགས་ཡོད་རྒུས་ཞིབ་བཤེར་བྱས་ནས་མེ་གསོད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱས་ཡོད།
ལྷོ་བྲག་རྫོང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་པའི“ཉིན་བརྒྱའི་བྱ་སྤྱོད”དང་ལེན་ཧུར་ཐག་བྱ་ཆེད། ལྷོ་བྲག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་དང་ལེན་བྱས་ཏེ“ཆེད་དོན་ཚན་ཁག་གི་སྤྱི་འདོམས་དང་། སྡེ་ཚན་དབར་མཉམ་འགུལ། ས་ཁོངས་ཡོངས་ལ་ཁྱབ་པ”བཅས་ཀྱི་མེ་གསོད་བདེ་འཇགས་བཅོས་སྐྱོང་མ་ལག་འཕྲལ་མར་བཙུགས་པ་རེད། སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པས་སྣེ་ཁྲིད་དེ་མེ་གསོད་ཁྱབ་ཁོངས་ཀྱི་གྲལ་བཤེར་བཅོས་སྒྲིག་ཚོགས་ཆུང་གི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས“ཉིན་རེར་བཀོད་གཏོང་དང་། གཟའ་འཁོར་རེར་ཞིབ་འཇུག ཟླ་རེར་བརྡ་ཁྱབ་གཏོང་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་རེད།
ལྷོ་བྲག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་མི་སྣ་འདུ་འཛོགས་ཆེ་ས་དང་། གནའ་བོའི་རིག་དངོས་བཟོ་སྐྲུན། བྱེད་སྒོ་སྤེལ་ཡུལ་ཆུང་གྲས་དགུ་སོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ལ་དམ་འཛིན་ལྷོད་མེད་ཀྱིས་བྱེད་སྒོ་སྤེལ་ཡུལ་ཆུང་གྲས་དགུར་སྒྲིག་འགལ་ངང་མི་སྡོད་པ་དང་གློག་སྐུད་གང་བྱུང་དུ་འཁྲིད་པ་སོགས་ཀྱི་གནད་དོན་རྙིང་པར་དམིགས་པ་དང་། གློག་སྒུལ་སྦག་སྦག་ཁང་པའི་ནང་གློག་གསོག་པ་དང་གློག་སྐུད་གང་སར་འཐེན་ནས་གློག་གསོག་པ་སོགས་མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་པ་དང་། སྨན་ཁང་དང་སློབ་གྲྭ་སོགས་མི་སྣ་འདུ་འཛོམས་ཆེ་སའི་བདེ་འཇགས་ཐོན་སྒོ་བཟུང་སྤྱོད་བྱེད་པ་དང་རྐུན་འགོག་ལྕགས་དྲ་སྒྲིག་འགལ་ངང་བསྒར་བ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བ། དགོན་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཉེན་ཁ་སེལ་བ་དང་གློག་སྐུད་རྙིང་པ་དང་མེ་གསོད་ཡོ་ཆས་ཀྱི་དུས་ཚོད་ཡོལ་ནས་ནུས་པ་ཤོར་བ་སོགས་ཞན་ཆའི་ལྷུ་ཚིགས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་པ་སོགས་ས་ཁོངས་ཡོངས་ལ་ཁྱབ་པའི་གནད་སྨིན་ཤུགས་འདོན་གྱི་བཅོས་སྐྱོང་རྣམ་པ་ཞིག་ཆགས་ཡོད། དེའི་རིང་སྡེ་ཚན་58ལ་ཞིབ་བཤེར་བྱས་པ་དང་མངོན་མེད་ཉེན་ཁ་89བཅོས་སྒྲིག་བྱས་པས“རྩད་ཆོད་གཅིག་ཐུབ་ན་དེ་ཟིལ་གྱིས་གནོན་པའི”བཅོས་སྒྲིག་ཕན་འབྲས་ཐོན་ཡོད།