ཆབ་མདོའི་ཆན་ཧྥུའུ་110ཡི་སྤོ་བདེའི་གློག་སྒྱུར་ས་ཚུགས་དང་པོ་བདེ་བླག་ངང་སྤྱོད་འགོ་ཚུགས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ཆན་ཧྥུའུ་110ཡི་སྒར་ཐོག་གློག་སྒྱུར་ས་ཚུགས་ཀྱི་གློག་སྒྱུར་ས་ཚུགས་གཙོ་བོའི་ཤོང་ཚད་འཕར་སྣོན་སྒྱུར་བཀོད་བྱ་ཡུལ་དུ་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་སྤོ་བདེའི་གློག་སྒྱུར་ས་ཚུགས་ཀྱི་ཐེག་ཚད་སྤོ་འདོན་བྱེད་འགོ་ཚུགས་པ་དེ་ནི་ཆབ་མདོ་གྲོང་ཁྱེར་དུ་སྤོ་བདེའི་གློག་སྒྱུར་ས་ཚུགས་ཐོག་མར་སྤྱད་པ་ཞིག་ཡིན་པ་ལས། ཆབ་མདོ་གྲོང་ཁྱེར་གྱི་གློག་འདོན་འགན་སྲུང་ནུས་པར་ཚད་བརྒལ་གལ་ཆེན་བྱུང་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་བརྟན་ལ་བློས་འགེལ་ཆོག་པའི་གློག་ཤུགས་ཀྱི་འདེགས་སྐྱོར་བྱས་པ་མཚོན་ཡོད།