གཞི་རིམ་བཅོས་སྐྱོང་ཐབས་ཤེས་མཁས། བདེ་སྐྱིད་རྨང་གཞི་བརྟན་དུ་བཏང་།
—— ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་གི་བྱེད་ནུས་གསར་པར་སྣེ་ཁྲིད་དང་སྐུལ་སློང་བྱས་པ།
འདི་ནི་ཀོང་པོ་རྒྱ་མདའ་རྫོང་གི་སྡེ་ཁུལ་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་ཡིག་རིགས་སྤྲོད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་སྡེ་ཁུལ་གྱི་ཏང་ཨུད་ཆེ་མོ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་གཞི་རྟེན་གསར་གཏོད་བྱེད་པ། རིག་ལྡན་དོ་དམ་ནན་དུ་གཏོང་བ་བཅས་བརྒྱུད“རྩ་འཛུགས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། བཅོས་སྐྱོང་མཉམ་འགུལ”བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་ཕྱིར་མཐུན་རྐྱེན་བསྐྲུན་ཡོད།
❋ རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
“ས་ཁོངས་སྤྱི་འདོམས་དང་ཁོངས་ཁུལ་མཉམ་སྒྲུབ”ཀྱི་རྩ་དོན་གཞིར་བཟུང་། ཀོང་པོ་རྒྱ་མདའ་རྫོང་གིས་རྩ་འཛུགས་ཀྱི་གྲུབ་ཆ་གསར་གཏོད་ཧུར་ཐག་བྱས་ནས་བཅོས་སྐྱོང་གི“གྲོགས་ཚོགས”རྒྱ་ཆེར་བཏང་ཡོད། རྫོང་ཨུད་ཀྱིས་སྤྱི་འདོམས་བྱེད་པ་དང་། རྫོང་ཨུད་རྩ་འཛུགས་པུའུ་དང་སྤྱི་ཚོགས་ལས་དོན་པུས་སྣེ་ཁྲིད་དེ་རྫོང་གྲོང་གི་ཏང་འཛུགས་སྐྱོང་གི་ཐོན་ཁུངས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱེད་པ། ཏང་འཛུགས་སྐྱོང་མཉམ་འབྲེལ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། “སྡེ་ཁུལ་གྱི་ཏང་ཨུད་ཆེ་མོ་+དྲ་མིག་ཏང་ཀྲི་པུའུ་+དྲ་མིག་ཆུང་གྲས་ཀྱི་ཏང་ཚོཌ་ཆུང་+ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་ཀྱི་རིམ་བཞིའི་སྒོ་ལིང་ཁ་སྡེ་ཁུལ་གྱི་མཉམ་སྐྱོང་རྩ་འཛུགས་སྒྲོམ་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“1+5+N”ཡི་ཏང་ཨུད་ཆེ་མོའི་བྱ་ཐབས་ཁྱབ་གདལ་བཏང་ཡོད། སྡེ་ཁུལ་གྱི་ཏང་རྩ་འཛུགས་ལྟེ་བར་བྱས་ནས་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་དང་། སློབ་གྲྭ ཁེ་ལས། ཚོང་སྐོར། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་བྱེད་པོའི་ཏང་རྩ་འཛུགས་5དང་མཉམ་འགུལ་བྱེད་པ་དང་། བཅའ་སྡོད་ཁུལ་གྱི་ཚན་པའི་འགན་འཁུར་བ་Nགྱིས་ཨུ་ཡོན་གྱི་འགན་གཅིག་ལྕོགས་འཁུར་དུ་འཇུག་པ། “ཕྱོགས་གཉིས་ཀྱི་དགོས་མཁོའི་གསལ་ཐོ”དང“ཐོན་ཁུངས་ཞབས་ཞུའི་གསལ་ཐོ”བཟོ་བ་བཅས་བྱས་ནས“རྩ་འཛུགས་ཀྱིས་ལས་སྟེགས་བསྐྲུན་པ་དང་ཕྱོགས་མང་པོས་ལས་དོན་སྒྲུབ་ཐུབ་པར”བྱས་ཡོད།
འཐབ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཀོང་པོ་རྒྱ་མདའ་རྫོང་གིས་སྡེ་ཁུལ་གྱི་དྲ་མིག་8ལ་དབྱེ་བ་དང་ཆེད་བསྐོས་དྲ་མིག་པ་10བཀོད་སྒྲིག་བྱས་ཏེ་སྤྱི་བདེ་དང་། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་སྡེ་ཚན་གྱི་གྲངས་གཞི་བསྡུ་སྒྲིལ་གྱིས“མི་དང་། སྡོད་ཁང་། དོན་དག”བཅས་ཀྱི་སྐབས་བསྟུན་གྲངས་གཞིའི་མཛོད་བཙུཌ་ནས་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་ཡོད། དེའི་ནང་། “རིག་ནུས་ཚོར་ཤེས་མ་ལག”ཚོད་ལྟ་བྱས་པ་བརྒྱུད་གཙོ་གནད་ས་ཁོངས་སུ་དུ་ཚོར་ཉེན་བརྡ་གཏོང་ཆས་དང་ཁྲོན་ཁེབས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཟོག་སྦྲེལ་སྒྲིག་ཆས་57སྒྲིག་སྦྱོར་བྱས་ཤིང་། 2024ལོར་མེ་ཟོན་གྱི་མངོན་མེད་རྐྱེན་ངན་11སྔོན་ཚུད་ནས་ཉེན་བརྡ་བཏང་བས། གནད་དོན་ཐག་གཅོད་ཀྱི་ལས་ཕྱོད་70%ཆེ་རུ་ཕྱིན་ཡོད།
❋ ཞབས་ཞུའི་འཐབ་ས་ལེགས་སུ་བཏང་བ།
ཀོང་པོ་རྒྱ་མདའ་རྫོང་གིས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ཡོད། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་གཞི་ཚུགས་པ་དང“མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད”བཅས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། རྫོང་གི་རྐང་ཐང་ཁྲོམ་གཞུང་དུ་སྒོ་ལིང་ཁ་སྡེ་ཁུལ་གྱི་ཁྱིམ་མཚེས་ཞབས་ཞུའི་ལྟེ་གནས་སྐྲུན་པ་དང་། “ཚོམས་ཆེན་གཅིག་དང་ཁང་མང”གི་བྱེད་ནུས་བཀོད་སྒྲིག་ལ་གཞིགས་པ། “གཅིག་འཐུས་རྣམ་པའི”ཞབས་ཞུའི་ཚོམས་ཆེན་དང་། གསར་བརྗེའི་དཔེ་ཁང་། འདུམ་འགྲིག་ཁང་སོགས་ཀྱི་བྱེད་ནུས་ཁུལ་འཛུགས་པ། སྤྱི་ཚོགས་འགན་བཅོལ་དང་དམངས་སྲིད་སོགས་རིགས་ཆེ་གྲས་8ཀྱི་གཉེར་མང་བའི་ལས་སྒོ་15སྡེབ་སྒྲིལ་གྱིས“སྐར་ཁུང་གཅིག་འཐུས”ཐུབ་པ་བཅས་བྱས་པས། དོན་དག་སྒྲུབ་པའི་དུས་ཚོད་60%ཐུང་དུ་ཕྱིན་ཡོད། དེའི་རྨང་གཞིའི་ཐོག“ཆུ་ཚོད་24ཡི་རང་འདོད་ཞབས་ཞུ་ཁུལ”དུས་གཅིག་ཏུ་བསྐྲུན་ནས་ཉམས་བཟོ་དང་། བདེ་ཐང་གཞོགས་འདེགས། འཕྲལ་སྡོམ། མཉམ་སྤྱོད་སྨན་སྒམ་སོགས་ཀྱི་ཡོ་བྱད་དང་སྒྲིག་བཀོད་བཀོད་སྒྲིག་བྱས་པས། མང་ཚོགས་མི་ཐེངས་600ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
ཀོང་པོ་རྒྱ་མདའ་རྫོང་གིས་སྤུས་རྟགས་ཅན་གྱི་གསོ་སྐྱོང་བརྒྱུད་མི་རིགས་ཀྱི“སེམས་སྦྲེལ་ཟམ་པ”ཧུར་ཐག་བསྐྲུན་ཡོད། མི་རིགས་མང་པོ་འདུས་སྡོད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ“སེ་འབྲུའི་རྡོག་པོའི་དོན་གྲོས་ཁང”དང“མི་རིགས་མཐུན་སྒྲིལ་གྱི་རིག་གནས་ཁྱམས་རིང”སོགས་ཀྱི་གཞི་རྟེན་གཏོད་པ་དང་། བོད་རྒྱ་སྐད་གཉིས་ཕན་ཚུན་སློབ་སྦྱོང་དང་བོད་རྒྱ་སྐད་གཉིས་ཀྱི་སྲིད་ཇུས་སྒྲོག་འགྲེལ་སོགས་མི་རིགས་མཐུན་སྒྲིལ་གྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཐེངས་12སྤེལ་བ། “ཨ་ཅག་འདུམ་འགྲིག་རུ་ཁག”དང“ཏང་ཡོན་སྐད་སྒྱུར་བ”སོགས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་4བཙུགས་ནས་ཁྱིམ་མཚེས་དབར་གྱི་རྩོད་གཞི་11སེལ་བ་བཅས་བྱས་པས། 2024ལོར་སྡེ་ཁུལ་གྱི་འགལ་བ་དང་རྩོད་གཞི་དུས་མཚུངས་ལས་30%ཆག་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
❋ ཚན་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བར་དམིགས་པ།
ཀོང་པོ་རྒྱ་མདའ་རྫོང་གིས་རིག་ལྡན་ལས་སྟེགས་འཛུགས་སྐྲུན་བྱེད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“སྒོ་ལིང་ཁ་རིག་ལྡན་སྡེ་ཁུལ”གྱི་ལས་སྟེགས་གསར་སྤེལ་བྱས་པ་བརྒྱུད། ཏང་འཛུགས་སྐྱོང་ཡོངས་བསྒྲགས་དང་། སྡེ་ལས་ཉམས་བཟོ། དམངས་འདོད་བསྡུ་རུབ་སོགས་ཀྱི་བྱེད་ནུས་11གཅིག་སྡུད་བྱས་པར། ཁོངས་གཏོགས་ཁུལ་གྱི་སྤྱོད་མཁན་ཐོ་འགོད་བྱེད་ཚད་90%ལྷག་ཙམ་ཟིན་ཏེ། བཅོས་སྐྱོང་བྱེད་སྐབས“དྲ་བ་གཅིག་གིས་སྤྱི་འདོམས”ཐུབ་ཡོད།
དྲ་མིག་དོ་དམ་གསར་གཏོད་བྱས་ནས“མཐེབ་གཅིག་ཐད་འབྱོར”ལ་སྐུལ་འདེད་གཏོང་བ་དང་བརྡ་ལན་ཞུ་བ་ནི་ཀོང་པོ་རྒྱ་མདའ་རྫོང་གི་གཞི་རིམ་བཅོས་སྐྱོང་གི་བཀྲག་མདངས་འཚེར་ས་གཞན་ཞིག་རེད། ཀོང་པོ་རྒྱ་མདའ་རྫོང་གིས“ཀྲི་པུའུ་དྲ་མིག་ཐོག་འཛུགས་རྒྱུ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཏང་ཡོན་གྱི“ཐོ་འགོད་གཉིས”དང་དེ་བཞིན་གྲོང་མིའི་བསམ་འདུན་ཆུང་ངུ་སོགས་ལ་བརྟེན་ནས། སྡེ་ཁུལ་བཅོས་སྐྱོང་གི“འགག་སྒོ་མདུན་སྤོས”ལ་སྐུལ་འདེད་བཏང་སྟེ“སྡེ་ཁུལ་ཡོངས་ལ་ཏང་རྩ་འཛུགས་ཁྱབ་པ་དང་སྒོ་འགྲམ་དུ་ཞབས་འདེགས་ཞུ་ཐུབ་པ”བྱས་ཡོད།
ཀོང་པོ་རྒྱ་མདའ་རྫོང་གིས་གྲངས་འཛིན་ཏང་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གྱི“སྤྲིན་སྣེའི་སྒུལ་ནུས”འཕེལ་བར་བྱས་ཡོད། “སྤྲིན་སྣེའི་ཏང་གི་སློབ་གྲྭ”ཧུར་ཐག་བཙུགས་ནས“ཏང་གི་སློབ་ཚན་ཆུང་ངུ”དང“ཏང་གི་ལོ་རྒྱུས་ཀྱི་བརྙན་ཐུང”སོགས་ཀྱི་དྲ་ཐོག་བྱེད་སྒོ་སྤེལ་བར། རིམ་རྩིས་བརྒྱབ་ན་སློབ་སྦྱོང་ལ་ཏང་ཡོན་མི་ཐེངས་3350ལྷག་ཙམ་ཞུགས་ཡོད། ཕྱོགས་མི་ཏང་ཡོན་གྱི“དྲ་ཐོག་ཀྲི་པུའུ”བཙུགས་ནས་ཕྱོགས་མི་ཏང་ཡོན་གྱི་སྐད་འཕྲིན་འབྲེལ་གཏུག་ཚོགས་པ་1བཙུགས་ཏེ་ཏང་ཡོན་ཡོངས་ལ་སློབ་གསོ་ཐེབས་པའི་འགན་ལེན་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་རིག་ལྡན་ཏང་འཛུགས་སྐྱོང་གི་ལས་སྟེགས་ཡག་པོ་སྤྱད་དེ་ཏང་རྩ་འཛུགས་ཁག་གི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཏང་ཡོན་གྱི་དང་བླངས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་འདོམས་བྱས་ནས། ཏང་ཡོན་གྱི“རིག་ལྡན་ཅན”གྱི་དོ་དམ་ལ་ཕན་འབྲས་གསར་པ་རྒྱུན་མཐུད་ཐོན་པར་བྱས་ཡོད་པ་རེད།