དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲངས་འཛིན་ཐོན་ལས་སྤྲིན་རིག་ཚན་རྩལ་ཀུང་སིས།

    གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་གྲངས་འཛིན་གྱི་ཐག་གཅོད་ཇུས་གཞི་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཉེ་ཆར། ལྷ་ས་གྲངས་འཛིན་ཐོན་ལས་སྤྲིན་རིག་ཚན་རྩལ་ཀུང་སིས་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་གི་དགོས་མཁོར་དམིགས་ཏེ་ཚན་རྩལ་གྱི་ནུས་པར་བརྟེན་ནས“དམར་གྲོང་རྡལ་གྱི་དམངས་ཀྱི་གནས་ཚུལ་རི་མོ”བྲིས་པ་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད“གྲངས་འཛིན་གྱི་ཐག་གཅོད་ཇུས་གཞི”བཏོན་ཏེ་ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་སེམས་མངོན་པར་བྱས་ཡོད།

    དམར་གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་བྱེད་སྐབས་ཆ་འཕྲིན་སྡེབ་སྒྲིལ་དང་དབྱེ་ཞིབ་ཀྱི་དཀའ་གནད་ལ་དམིགས་ནས། ཀུང་སི་དེས་གྲངས་འཛིན་ཅན་གྱི་ལག་རྩལ་སྤྱད་དེ“དམར་གྲོང་རྡལ་གྱི་དམངས་ཀྱི་གནས་ཚུལ་རི་མོ”བཟོས་པས་བཅོས་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་གསལ་པོར་མཐོང་བ་དང་གྲངས་གཞི་གཅིག་འདུས་གནད་ལ་འཁེལ་པོ་བྱུང་ཡོད། རི་མོའི་ནང་དམར་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་6གི་ས་བབ་མཐོ་ཚད་དང་ས་ཁོངས་རྒྱ་ཁྱོན་སོགས་ལྟེ་བའི་རྨང་གཞིའི་ཆ་འཕྲིན་ཁག་14ཚུད་ཡོད་པ་རེད།

    “དམངས་ཀྱི་གནས་ཚུལ་རི་མོ”བཀོལ་སྤྱོད་བྱས་པ་དེ་ཐོག་ནས་དམར་གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་དེ“ཉམས་མྱོང་ལ་བརྟེན་པ”ནས“གྲངས་གཞིར་བརྟེན་པའི”བར་འགྱུར་ལྡོག་གལ་ཆེན་བྱུང་ཡོད། རི་མོ་གཅིག་ལས་ས་ཁོངས་ཡོངས་ཀྱི་ཆ་འཕྲིན་གཅིག་འདོམས་ཐུབ་པ་དང་། གྲོང་རྡལ་སྲིད་གཞུང་གིས་གྲོང་ཚོ་ཁག་གི་འཕེལ་རྒྱས་ཀྱི་རྨང་གཞི་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ། བཅོས་སྐྱོང་གི་དཀའ་གནད་དང་ཐོན་ཁུངས་ཀྱི་ལེགས་ཆ་གནད་ལ་འཁེལ་པོས་གཏན་འཁེལ་བྱེད་པ། ཐོན་ལས་འཆར་འགོད་དང་། དམངས་འཚོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་འབེན་གཏད་ཇུས་བསྟར་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་ལ“བློ་རིག་གི་སྒུལ་ཤུགས”སྦྱིན་ནས་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་གི་ཡོད།

    ལྷ་ས་གྲངས་འཛིན་ཐོན་ལས་སྤྲིན་རིག་ཚན་རྩལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཐོག་མཐའ་བར་གསུམ་དུ་ལག་རྩལ་གྱི་གསར་གཏོད་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་། “གྲངས་འཛིན་མཉམ་སྤྱོད”ཀྱིས“ལས་བྱེད་པ་ཕར་རྒྱུག་ཚུར་རྒྱུག”གྱི་ཚབ་བྱེད་པ་དང་། “འདྲ་རིས་གནད་སྨིན”ལ་བརྟེན་ནས“བཅོས་སྐྱོང་གནད་སྨིན”ལ་རམ་འདེགས་བྱས་ཏེ་ཚན་རྩལ་གྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་ཏན་ཏིག་སྒྱུར་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་བཏོན་ཏེ་གྲངས་འཛིན་ལག་རྩལ་དེ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་ལད་ཟློས་དང་ཁྱབ་སྤེལ་ཆོག་པའི“གྲངས་འཛིན་བློ་རིག་གི་དཔེ་མཚོན”མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།