ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤེལ་རེས་ལ་སྐུལ་འདེད་བཏང་བ།
འདི་ནི་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཡོན་ཚོས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་གི་མདུན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཡོན་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་བྱེད་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིང་ཁྲིར་མཉམ་འབྲེལ་ཐོག་ཏང་འཛུགས་སྐྱོང་དང་མཉམ་འཛུགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲིར་གཟིགས་ཞིབ་གནང་སྐབས་ཀྱི་ཞབས་རྗེས་བརྒྱུད་གནས་ཡུལ་རོང་ཤུར་ཁྱུང་གླིང་གྲོང་ཚོའི“གསར་བརྗེའི་འབྲོག་སའི་ཁང་ཆུང”དུ་མཐའ་སྲུང་མཐའ་བརྟན་གྱི་སྲོལ་རྒྱུན་ཤེས་རྟོགས་བྱས་པ་དང་། མཐའ་མཚམས་སྲུང་བའི་ཆོད་སེམས་བརྟན་དུ་བཏང་བ་དང་། ཉང་ཆུའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་དོན་སྙིང་རྟོགས་པ། ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་གྲུབ་འབྲས་ལ་དཔང་པོ་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དུ་གྲོང་ཁྱེར་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཡོད།