དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོར་དྲོ་སྐྱིད་སྦྱིན། བདེ་རྩ་ཆེ་རུ་བཏང་།

    —— ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དམངས་ལ་བྱ་བ་དངོས་བསྒྲུབས་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཞབས་ཞུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འདྲ་མཉམ་ཚོར་བ་དང་། སྤུས་ལེགས་ནུས་ཆེ། དྲོ་སྐྱིད་ལྡན་པ་བཅས་ཀྱི་མི་སྤྱི་ཅུས་ཀྱི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་ནས་མི་སྤྱི་ཅུས་ཀྱི་རང་འགན་ཐེག་པ་འཁུར་ལེན་དེ་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་རྨང་གཞིར་བརྩིས་ཡོད།

    ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་པ།

    མི་སྤྱི་ཅུས་ཀྱི་ཞབས་ཞུ་དེ་བས་སེམས་རྩ་འཁོལ་བ།

    ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁུར་ཕོད་པ་བཅས་གནས་བབ་ཨང་དང་པོར་བཞག་སྟེ“མི་སྤྱི་ཅུས་ཀྱི་འཆད་སྟེགས”དང་། “ང་ཡི་ལས་སྒོ་ང་ཡིས་ཤོད” “སྐར་མ་90ཡི་འཆད་ཁྲིད་ཁང”སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་སྤྱི་ཅུས་ཀྱི་ལས་བྱེད་པར་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གྱི་ཞུན་བརྡར་སྤྲས་ཡོད། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་རིགས་ཀྱི་ཏང་འཛུགས་སྐྱོང་དབར་རོགས་རམ་དང་མཉམ་སྐྲུན་གྱི་ལམ་སྲོལ་གསར་གཏོད་བྱས་ནས་བཙུགས་ཏེ། “གསར་གཉིས”ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་སྟེ། “ངའི་ཨ་མ་ལགས”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་ཁུངས་དང་སྡེ་ཁུལ་དབར་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཡོང་བར་བྱས་ཡོད།

    མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་མུ་མཐུད“བསམ་འདུན་ཆུང་ངུའི”རོགས་སྐྱོར་བྱས་ཤིང་། གཤོངས་དགའ་སྡེ་ཁུལ་གྱི་ས་འོག་ཆུ་འགྲོ་ཡུན་རིང་འགག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དམངས་འཚོར་ཞབས་འདེགས་ཞུ་རིང་། མི་སྤྱི་ཅུས་ཀྱི་དྲོ་སྐྱིད་བརྒྱུད་སྤྲོད་དང་མི་སྤྱི་ཅུས་ཀྱི་འགན་འཁྲི་འཁུར་ལུགས་མངོན་པར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མང་ཚོགས་ལ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་40ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་པར་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”དང“ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    ལས་དོན་ཧུར་ཐག་བསྒྲུབས་པ།

    ལས་ཞུགས་གང་ལེགས་ཐུབ་པའི་འགན་ལེན་ཧུར་ཐག་བྱས་པ།

    ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་གནས་བབ་མངོན་གསལ་དོད་པོར་བཞག་སྟེ། ལས་ཞུགས་སྔོན་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ལས་ཞུགས་སྔོན་སྤེལ་གྱི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས་གཙོ་གནད་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་པའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། མཐོ་སློབ་ཏུ་བསྐྱོད་ནས་ལས་རིགས་ལ་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་སུ་བསྐྱོད་ནས་ལས་ཞུགས་ལས་གནས་རྒྱ་སྐྱེད་གཏོང་བ། དུད་ཚང་དུ་བསྐྱོད་ནས་ལས་གནས་མཁོ་འདོན་དང་ཞབས་འདེགས་ཞུ་བ། ལས་བསྡུའི་འདུ་ཚོགས་འཚོགས་ནས་ལས་ཞུགས་ལས་སྟེགས་གཏོད་པ། ཁ་གསབ་སྲིད་ཇུས་ལག་ལེན་བསྟར་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། ལྗོངས་ཡོངས་སུ་བློ་རིག་ཅན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་ཚད་ལྡན་ཅན་གྱི་ཉིན་གླའི་ཁྲོམ་ར་སྔོན་ལ་འཛུགས་པ། ཐད་གཏོང་ལས་ཁྲིད་སོགས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ། “ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་རྟེན་གཞི་རྒྱ་ཆེར་གཏོང་བ། ལྗོངས་ཕྱིར་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་པས། གྲོང་ཁྱེར་ཡོངས་སུ་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མུ་མཐུད་95%ཡན་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་10%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    2024ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཆེར་གཏོང་གི་དཔེ་སྟོན་རྣམ་གྲངས་བདེ་བླག་ངང་རེ་ཞུ་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་དོན་ལ་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར”དང“ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    དམངས་ཆེད་སྒྱུར་བཅོས་བྱས་པ།

    འགན་སྲུང་དྲ་རྒྱ་དེ་བས་ཚགས་དམ་པ།

    ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མང་ཚོགས་ཀྱི་དོ་ཁུར་བྱེད་སའི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་དང་སྤྱི་ཚོགས་འགན་སྲུང་གཱ་བཀོལ་སྤྱོད་སོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་Vས་ཚིགས་དང་དངུལ་ཁང་གི་དྲ་ཚིགས་སོགས་གཞི་རྟེན་དང་མཉམ་འདྲེས་ཀྱིས་སྤྱི་ཚོགས་འགན་སྲུང“ཐག་ཉེ་སར་སྒྲུབ་པ”དང་རང་འདེམས་ཞབས་ཞུ་སོགས་དམངས་ཕན་ཞབས་ཞུའི་ལས་སྟེགས་11ཧུར་ཐག་བསྐྲུན་ནས“སྐར་མ་15ཡི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་ཁུལ”ནུས་ཤུགས་ཡོད་རྒུས་བཏོད་ཡོད། “གསར་བརྗེའི་སྤྱི་ཚོགས་འགན་སྲུང་བྱ་སྤྱོད”དང“ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱི་ཚོགས་འགན་སྲུང་ཞབས་འདེགས་ཞུ་བ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཐད་ཀར་གྲོང་མིའི་སྒོ་ར་དང་། ཁེ་ལས། དགོན་སྡེ་སོགས་སུ་ཁྱབ་པར་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། སྤྱི་ཚོགས་འགན་སྲུང་གཱ་སྤྱོད་རྒྱ་ཆེ་རུ་བཏང་ནས་ལྗོངས་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱ་དེ་སྨན་བཅོས་ཁྱབ་ཁོངས་སུ་བཀོལ་སྤྱོད་སྒྱུར་བཀོད་སྔོན་ལ་ཐུབ་པར་བྱས་ཤིང་། སྤྱི་ཚོགས་འགན་སྲུང་གཱ་དེ་ཨང་ཐོ་འགོད་པ་དང་། སྨན་བཅོས་བྱེད་པ། སྨན་རིན་རྩིས་རྒྱག་པ། སྨན་ལེན་པ་སོགས་སུ་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བས། “གཱ་གཅིག་ཀུན་འཐུས”ཀྱི་སྤྱི་ཚོགས་འགན་སྲུང་གཱ་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་དང་སྨན་ཉོ་བ། འགྲིམ་འགྲུལ་ཕྱིར་སྐྱོད། ཡུལ་སྐོར་ལྟ་སྐོར། རིག་གནས་ཉམས་ལེན། འཚོ་སྐྱོང་སྤྲོད་པ་སོགས་ཀྱི་ཁྱབ་ཁོངས་སུ“གཱ་གཅིག་མང་སྤྱོད་དང་གཱ་གཅིག་ཀུན་འཐུས”ཀྱི་བཀོལ་སྤྱོད་བྱེད་སྟངས་མངོན་འགྱུར་བྱུང་ནས་སྤྱི་ཚོགས་འགན་སྲུང་གཱ་དེ“སེམས་དྲོད་གཱ”དང“དམངས་ཕན་གཱ”ལ་དངོས་སུ་བཏོད་ཡོད།

    ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།

    ཞི་མཐུན་གྱི་ངལ་རྩོལ་འབྲེལ་བར་སྲུང་སྐྱོང་བྱས་པ།

    མིག་སྔའི་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་ངལ་རྩོལ་གླ་ཆའི་རྩོད་གཞི་དང་། ལས་མི་སྤྱོད་སྟངས། ངལ་རྩོལ་འགན་སྲུང་སོགས་མངོན་གསལ་དོད་པའི་འགལ་བར་དམིགས་ཏེ། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དུས་རབས་གསར་པའི་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་གཏོད་བྱེད་སྒོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་བཟོས་ཤིང་། ལྗོངས་ཡོངས་སུ་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་བེད་སྤྱོད་དོ་དམ་བྱེད་ཐབས་སྔོན་ལ་དོན་འཁྱོལ་བྱས་ཏེ། འབྱུང་རྩ་ནས་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འགལ་བ་འདུམ་འགྲིག་དང་སེལ་བ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། “ཁྲིམས་ར་མ་འཚོག་གོང་གི་ཆུ་ཚོད་ཕྱེད་ཀ་འདུམ་འགྲིག”གི་ལས་ཀའི་ལམ་ལུགས་འཛུགས་པ་བཅས་བྱས་ནས་རྫོང་དང་ཆུས་ཀྱི་འདུམ་གཅོད་སྒྲིག་གཞིའི་དངོས་ཚན་ཅན་གྱི་གྱོད་སྒྲུབ་ལ་སྐུལ་འདེད་བཏང་ཡོད། ཞིང་པ་ལས་མིའི་གླ་ཆའི་ཐད“མྱུར་གཅོད་ཁྲིམས་ར”བཙུགས་ཏེ“སེམས་རྩ་འཁོལ་བའི་འདུམ་གཅོད”ལས་སྟེགས་བརྒྱུད་དྲ་ཐོག་ནས་ཁྲིམས་རའི་འདྲི་ཞིབ་བྱས་པ། “བློ་རིག་ལྟ་ཞིབ”ཀྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། ཁྲིམས་སྲོལ་ནན་པོར་བརྟེན་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།