ཕྱོགས་བསྡུས་བཅོས་སྐྱོང་གི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།
རྒྱ་ཆེའི་མང་ཚོགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་དོན་ལ་ཤེས་རྟོགས་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་གིས“སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན”གྱི་བརྗོད་དོན་གཙོ་བོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ས་གནས་ས་ཐོག་ཏུ་མང་ཚོགས་ལ《ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཁྱེད་ཀྱི་དྲི་བར་ངས་ལན་འདེབས་པའི་དྲིལ་བསྒྲགས་ལག་དེབ》དང《“གཅིག་འཐུས་རྣམ་པའི”དམངས་ཀྱི་སེམས་ཁྲལ་སེལ་བ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྱེད་ཀྱི་འགྲམ་དུ་ཡོད》ཅེས་པ་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་500ལྷག་ཙམ་དང་དྲིལ་བསྒྲགས་ལག་རྟགས་ཆུང་ངུ་200ལྷག་ཙམ་སྤྲད་པར་མང་ཚོགས་མི་ཐེངས་1200ལྷག་ཙམ་ལ་ཕན་པ་ཐོབ་ཡོད། འདི་ནི་འབྲེལ་ཡོད་ཚན་པའི་ལས་དོན་པས་མང་ཚོགས་ལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བདག་སྤྲོད་དོན་ཚན་དང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཀྱི་ལས་རིམ་ལ་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་པ།