དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་ཡུལ་སྐོར་བས་གྲོང་གསེབ་ཡུལ་སྐོར་ལ་དགའ་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-06

    “ལྔ་གཅིག”ངལ་གསོའི་རིང་། གྲོང་གསེབ་ཏུ་ཡུལ་སྐོར་བྱ་རྒྱུ་དེ་མི་རྣམས་ཕྱིར་འཛད་སྤྱོད་བྱེད་པར་སྐྱོད་མང་ཤོས་སུ་གྱུར་ཡོད། ཡུལ་སྐོར་བ་སྔར་ལས་མང་བ་གྲོང་གསེབ་ཏུ་བསྐྱོད་དེ་ཐུན་མོང་མ་ཡིན་པའི་གྲོང་གསེབ་ཀྱི་རིག་གནས་འཚོ་བ་མྱོང་རོལ་བྱས་ཡོད། ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཤིན་ཏུང་རིགས་གྲོང་སྡེར་ཡུལ་སྐོར་བས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཏུང་རིགས་གྲོང་སྡེའི་ཞིམ་ཟས་ལ་རོལ་བ་དང་། མཚན་མོའི་མཛེས་ལྗོངས་ལ་ལྟ་བ། འཁྲབ་སྟོན་ལ་ལྟ་བ་བཅས་བྱས་ཡོད། འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཤིན་ཏུང་རིགས་གྲོང་སྡེར་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།