དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མིར་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

    མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-06

    འཕྲིན་ལན།

    ཤིན་ཅང་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལཱ་ཅུན་ཤང་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ལ།

    འཕྲིན་ཡིག་ལག་འབྱོར་བྱུང་། ཁྱེད་ཚོས་ཏང་གི་འབོད་སྐུལ་དང་ལེན་བྱས་ནས་ནུབ་རྒྱུད་མཐའ་མཚམས་ས་ཁུལ་དུ་དཔེ་ཁྲིད་མི་སྐྱོང་གིས་ས་གནས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། རང་ཉིད་ལའང་སྦྱོང་བརྡར་ཐེབས་པ་དང་འཚར་ལོངས་བྱུང་བ་ཤེས་རྟོགས་བྱུང་།

    ལོ་འདི་དག་རིང་། གཞོན་ནུ་དེ་བས་མང་པོས་ནུབ་རྒྱུད་དང་། གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་དང་བླངས་ཞབས་ཞུའི་ལས་ལ་འབད་བརྩོན་བྱས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་བློ་སྟོབས་ཆེར་སྐྱེད་ཀྱིས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་དང་རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི་འགན་འཁྲི་མངོན་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

    ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡིན།

    ཞི་ཅིན་ཕིང་།

    2025ལོའི་ཟླ་5ཚེས་2ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་ཁེ་ཙེ་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཀྲོའུ་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལཱ་ཅུན་ཤང་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཐུགས་རེ་ཟབ་མོ་ཡང་བཅོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཚོས་ཏང་གི་འབོད་སྐུལ་དང་ལེན་བྱས་ནས་ནུབ་རྒྱུད་མཐའ་མཚམས་ས་ཁུལ་དུ་དཔེ་ཁྲིད་མི་སྐྱོང་གིས་ས་གནས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། རང་ཉིད་ལའང་སྦྱོང་བརྡར་ཐེབས་པ་དང་འཚར་ལོངས་བྱུང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་འདི་དག་རིང་། གཞོན་ནུ་དེ་བས་མང་པོས་ནུབ་རྒྱུད་དང་། གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་དང་བླངས་ཞབས་ཞུའི་ལས་ལ་འབད་བརྩོན་བྱས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་བློ་སྟོབས་ཆེར་སྐྱེད་ཀྱིས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་དང་རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི་འགན་འཁྲི་མངོན་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

    ཞེ་དབྱི་ཐེ་སློབ་ཆུང་ནི་མཐའ་མཚམས་དང་བར་ཐག་སྤྱི་ལེ་47ཡོད་པ་དང་གཙོ་བོ་ཁོར་ཁེ་ཙི་རིགས་ཀྱི་སློབ་མ་ལས་གྲུབ་པའི་གྲོང་ཚོ་རིམ་པའི་སློབ་ཆུང་ཞིག་ཡིན་ཞིང་། 2022ལོའི་ཟླ་8པར། ཁེ་ཀྲོའུ་ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་སློབ་གྲྭ་འགན་གཙང་བླངས་ནས་སློབ་སྐྱོར་བྱེད་པའི་ཚོད་ལྟའི་སློབ་གྲྭ་དང་པོར་གྱུར་ཡོད། ཉེ་ཆར། ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་མཐའ་སྲུང་སློབ་སྐྱོར་གྱི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ་ནུབ་རྒྱུད་དུ་གཞི་ཚུགས་ནས་མཐའ་མཚམས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།