“ཕོ་བྲང་པོ་ཏ་ལ——ས་མཐོའི་འཛམ་གླིང་རིག་གནས་ཤུལ་བཞག”གི་དམིགས་བསལ་འགྲེམས་སྟོན་སི་ཁྲོན་ཀོང་ཧན་དུ་བྱས་པ།
ཉེ་ཆར། “ཕོ་བྲང་པོ་ཏ་ལ——ས་མཐོའི་ཞིང་ཁམས་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག”གི་དམིགས་བསལ་འགྲེམས་སྟོན་སི་ཁྲོན་ཀོང་ཧན་དུ་བྱས་པ་རེད།
“ཕོ་བྲང་པོ་ཏ་ལ——ས་མཐོའི་འཛམ་གླིང་རིག་གནས་ཤུལ་བཞག”གི་དམིགས་བསལ་འགྲེམས་སྟོན་ཐོག་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་སྐུ་འདྲ་དང་། ཐང་ག དཔེ་ཆ། མཆོད་རྫས། གོས་རྒྱན། འཚོ་བའི་ཡོ་བྱད། ངོ་འབག་སོགས་འགྲེམས་རྫས་ཆ་ཚང་110དང་ཁག་186ཡོད་པ་དེའི་ནང་གི་འགྲེམས་རྫས་གསུམ་ཆ་གཅིག་ལྷག་ཙམ་ནི་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དམིགས་བསལ་འགྲེམས་སྟོན་ནི་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རིག་དངོས་སི་ཁྲོན་དུ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་། 2025ལོའི་ཟླ་8ཚེས་31ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད། དེའི་རིང་སན་ཤིང་ཏུའེ་རྟེན་མཛོད་ཁང་དང་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་མཉམ་དུ་རིག་གཞུང་འཆད་ཁྲིད་དང་། སློབ་གསོ་ཞིབ་སྦྱོང་། རིག་དངོས་གསལ་འགྲེལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་སྤུས་ལེགས་ཀྱང་སན་ཤིང་ཏུའེ་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཁུལ་དུ་བསྟན་ནས་ཡུལ་སྐོར་བའི་ལྟ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།