དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་རིག་དངོས་ཡོངས་བཤེར་གྱི་ས་གནས་ས་ཐོག་གི་བརྟག་དཔྱད་དུས་མཚམས་ལས་དོན་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

     ཉིན་ཤས་གོང་། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། ཉིང་ཁྲི་གྲོང་ཁྱེར་གྱིས་2024ལོའི་ཟླ་8པ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རིག་དངོས་ཡོངས་བཤེར་གྱི་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་དང་། ཉེ་དུས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པའི་དུས་མཚམས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་རིག་དངོས་ས་ཚིགས་ཁྱོན་428ལ་ཡོངས་བཤེར་ཐོ་འགོད་བྱས་པའི་ནང་ས་ཚིགས་272ལ་བསྐྱར་ཞིབ་ཐེངས་གསུམ་བྱས་ནས་བསྐྱར་ཞིབ་བྱེད་ཚད་100%ཟིན་པ་དང་། གསར་དུ་རྙེད་པའི་རིག་དངོས་ས་ཚིགས་156ནང་གསར་བརྗེའི་རིག་དངོས་ས་ཚིགས་18ཚུད་པ་དེས་ཉིང་ཁྲི་གྲོང་ཁྱེར་གྱི་རིག་དངོས་ཐོན་ཁུངས་མཛོད་ཕུན་སུམ་ཚོགས་སུ་ཕྱིན་ནས་ས་གནས་དེ་གའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པར་ཁུངས་སྣེ་དེ་བས་མང་བ་མཁོ་འདོན་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིག་དངོས་ཡོངས་བཤེར་བྱས་པ་དེ་ཉིང་ཁྲིའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་བྱས་པ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་གྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་ཞིག་ཀྱང་རེད། གོམ་སྟབས་རྗེས་མར་ང་ཚོས་ཡོངས་བཤེར་གྱི་གྲངས་གཞི་ལས་རིགས་ནང་ཁུལ་དུ་ལེགས་སྒྲིག་དང་། ཞིབ་བཤེར། ནང་འཇུག་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། ཡོངས་བཤེར་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་གཏན་འབེབས་ལྟར་རིམ་བཞིན་རིག་དངོས་སྲུང་སྐྱོང་ཚན་པ་རེ་ཞུ་དང་ཁྱབ་བསྒྲགས་བྱས་ནས་གསར་དུ་རྙེད་པའི་རིག་གནས་ཤུལ་བཞག་ས་ཚིགས་ལ་དུས་ཐོག་ཏུ་སྲུང་སྐྱོང་ནུས་ལྡན་དང་སྤྱོད་ཐུབ་པར་བྱ་རྒྱུ་དང་འབྲེལ་མ་ལག་རང་བཞིན་གྱི་གཞན་སྒྱུར་གྱི་ཐོག་ནས་རིག་དངོས་ཡོངས་བཤེར་གྲུབ་འབྲས་ཀྱིས་གྲོང་ཁྱེར་འདིའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།