དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་སྐྱའི་ཀོམ་ཀྲེ་ཆུ་མཛོད་བསྐྲུན་ཟིན་པ།

    དུད་ཚང་1555ཡི་མང་ཚོགས་ཀྱི་ས་ཞིང་གི་ཆུ་འདྲེན་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བཀྲ་ཤིས་སྒང་ཤང་ཡུལ་གསར་གྲོང་ཚོར་གནས་པའི་ཀོམ་ཀྲེ་ཆུ་མཛོད་དངོས་སུ་བསྐྲུན་ཟིན་ཡོད། ཆུ་མཛོད་དེའི་ཆུ་གཤོང་ཚད་སྨི་རྒྱ་དཔངས་ཁྲི་99.9ཟིན་པས། བཀྲ་ཤིས་སྒང་ཤང་གི་སྲིད་འཛིན་གྲོང་ཚོ་6དང་ལྷ་རྩེ་རྫོང་གཞིས་ཆེན་ཤང་གི་སྲིད་འཛིན་གྲོང་ཚོ་གཉིས་ཀྱི་ས་ཞིང་གི་ཆུ་འདྲེན་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་ལ། དུད་ཚང་1555ཡི་མི་7044དང་འབྲེལ་བ་ཡོད་པས་ཡུལ་དེའི་ཞིང་ལས་ཀྱི་ཆུ་འདྲེན་དང་སྐྱེ་ཁམས་སྲུང་སྐྱོང་ལ་རམ་འདེགས་ཏན་ཏིག་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་རྒྱུ་རེད།

    ཀོམ་ཀྲེ་ཆུ་མཛོད་བསྐྲུན་པ་དེས་ཆུའི་ཐོན་ཁུངས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་པ་དང་། ཞིང་ཆུ་འདྲེན་ཁུལ་གྱི་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།