དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བྱང་ཐང་གི་ས་གཞི་ཆེ་མོར་ངོ་མཚར་རབ་ཏུ་བཏོད།

    ​ནག་ཆུ་གྲོང་ཁྱེར་གྱི་རྣམ་གྲངས་ཀྱི་བོད་སྐྱོར་ལས་དོན་ལ་ཕྱིར་མིག་བལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    འདི་ནི་2024ལོའི་ཨ་མདོ་རྫོང་གི་གཞོན་ནུ་ལོ་ཆུང་ལེའོ་ཉིང་དུ་ཞིབ་སློབ་ལ་སྐྱོད་པའི་བྱེད་སྒོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོག་ཡུལ་ཡིན་པ།

    2024ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་དང་ནང་དོན་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། རྣམ་གྲངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱེད་པ། རྣམ་གྲངས་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བཅས་བྱས་ཏེ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་ལས་དོན་ལ་དམ་འཛིན་ཡག་པོ་དང་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་དང་། ཀྲེ་ཅང་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། “ཀྲུང་དབྱང་གི་ཁེ་ལས་ཆེན་པོ་ལྔ”བཅས་ཀྱིས་ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་126ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་10.27བཏང་ནས་མ་འཇོག་འཆར་གཞི་ཚད་བརྒལ་གྱིས་ལེགས་གྲུབ་བྱུང་བ་དང་མ་འཇོག་བྱེད་ཚད་120.51%ཟིན་ཏེ་ནག་ཆུའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    རྣམ་གྲངས་ཀྱི་བོད་སྐྱོར་དངོས་སུ་བྱས་པ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བོད་སྐྱོར་སྟོབས་ཤུགས་ཀྱིས་ཤུགས་བརྒྱབ་ནས་ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ་དང་། བོད་སྐྱོར་ཐོན་ཁུངས་དང་རྒྱུན་ཆད་མེད་པར་གནད་སྨིན་སྦྲེལ་མཐུད་བྱས་ཏེ་བྱང་ཐང་གི་ས་གཞི་ཆེན་པོར་འབྲས་བུ་གཡུར་དུ་ཟ་བ་ཐོན་པ་སྟེ།

    2024ལོའི་ཟླ་6པར་ནག་ཆུ་ཀྲེ་ཅང་གསོལ་མགྲོན་ཁང་ཆེན་པོའི་ལས་འགོ་ཚུགས་པ་དང་། དེ་ནི་ནག་ཆུ་གྲོང་ཁྱེར་གྱི་སྐར་ལྔ་རིམ་པའི་ཚད་གཞི་ལྟར་བསྐྲུན་པའི་ཕྱོགས་བསྡུས་རྣམ་པའི་གསོལ་མགྲོན་ཁང་ཐོག་མ་དེ་ཡིན་པར་མ་དངུལ་སྒོར་དུང་ཕྱུར་2.7བཏང་ཡོད།

    2024ལོའི་ཟླ་6པར་ཨ་མདོ་རྫོང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྣམ་གྲངས་དེར་ཁྱོན་སྒོར་ཁྲི་4000བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་1600ཙམ་ཟིན་པ་དེར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དང་། སྤྱི་པའི་ཞབས་ཞུ། སྤྱི་ཚོགས་ལས་དོན། ལས་གྲྭ་འཛུགས་སྐྲུན། རང་འགུལ་ཞབས་ཞུ་སོགས་ཚུད་ཡོད།

    2024ལོའི་ལོ་མཇུག་ཏུ་སྙན་རོང་རྫོང་ལ་རོགས་སྐྱོར་ཐོབ་པའི་སློབ་གསོ་དང་། སྨན་བཅོས། མིའི་འཚོ་སྡོད་ཁོར་ཡུག་བཅས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི“ཁྲི་སྟོང་རིམ་པའི”ལས་གྲྭ་གསུམ་གཞི་རྩའི་ཐོག་ལེགས་གྲུབ་བྱུང་བ་མ་ཟད། སྤྱོད་འགོ་ཡང་ཚུགས་ཡོད། བོད་སྐྱོར་མ་དངུལ་ཚང་མ་སྒོར་ཁྲི་སྟོང་ཡན་ཟིན་ནས་མི་སེར་རྣམས་འཚོ་བ་སྔར་ལས་ལེགས་པ་སྐྱེལ་ཐུབ་པ་བྱས་ཡོད།

    དཔལ་མགོན་རྫོང་ལ་རོགས་སྐྱོར་ཐོབ་པའི་སྨན་རྩིས་ཁང་གི་གནས་སྤོ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་དང་། ཤེ་སྒེར་ཤང་གི་དམངས་འཚོའི་འཐུང་ཆུའི་ལས་གྲྭའི་རྣམ་གྲངས། དཔལ་མགོན་རྫོང་ཤེ་སྒེར་ཤང་གི་འཕྲོད་བསྟེན་ཁང་སྒྱུར་བཀོད་རིམ་སྤོར་རྣམ་གྲངས། དེ་བཞིན་དཔལ་མགོན་རྫོང་གི་རིམས་འགོག་སྨན་ཁབ་གྲང་ཉར་གྱི་འཕྲལ་སྡོམ་གློག་གཏོང་སྒྲིག་ཆས་ཉོ་སྒྲུབ་སོགས་ལག་བསྟར་བྱས་ནས་དཔལ་མགོན་རྫོང་མང་ཚོགས་ཀྱི་དམངས་འཚོའི་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་བ་མ་ཟད། མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་ཀྱང་བྱས་ཡོད།

    ཀྲེ་ཅང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད། གསེར་རྙེད་དང་། འབྲི་རུ། ལྷ་རི་བཅས་ལ་བོད་སྐྱོར་རྣམ་གྲངས་28ལག་བསྟར་བྱ་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་31829བཏང་བ་དང་། མ་དངུལ་སྒོར་ཁྲི་49771.91ལེགས་སྒྲུབ་བྱས་པ། མ་འཇོག་ལེགས་སྒྲུབ་བྱེད་ཚད་156.37%ཟིན་པ་བཅས་རེད། ལེའོ་ཉིང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད། ཨ་མདོ་དང་། སྦྲ་ཆེན། སོག་རྫོང་བཅས་སུ་བོད་སྐྱོར་རྣམ་གྲངས་28ལག་བསྟར་བྱ་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་17200བཏང་བ་དང་། མ་དངུལ་སྒོར་ཁྲི་19995.78ལེགས་སྒྲུབ་བྱས་པ། མ་དངུལ་ལེགས་སྒྲུབ་བྱེད་ཚད་116.25%ཟིན་པ་བཅས་རེད། ཀྲུང་དབྱང་གི་ཁེ་ལས་ཆེན་པོ་ལྔས་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད། ཤན་རྩྭ་དང་། ཉི་མ། སྙན་རོང་། དཔལ་མགོན། མཚོ་གཉིས་བཅས་ལ་རོགས་སྐྱོར་རྣམ་གྲངས་54ལག་བསྟར་བྱ་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་20050བཏང་བ་དང་། མ་དངུལ་སྒོར་ཁྲི་15689.35ལེགས་སྒྲུབ་བྱས་པ། མ་དངུལ་ལེགས་སྒྲུབ་བྱེད་ཚད་78.25%ཟིན་པ་བཅས་རེད།

    དེ་བས་དགའ་འོས་པ་ཞིག་ནི་རྣམ་གྲངས་བོད་སྐྱོར་ལས་ནག་ཆུ་གྲོང་ཁྱེར་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་། རྣམ་གྲངས་མ་དངུལ་བཀོད་སྒྲིག་ཐད་སྤྱིར་བཏང་གི་འཛུགས་སྐྲུན་རྣམ་གྲངས་ནས་ཐོན་སྐྱེད་རྣམ་པ་དང་བརྒྱུད་རིམ་ཅན་གྱི་རྣམ་གྲངས་སུ་བསྒྱུར་བ་དང་། རོགས་སྐྱོར་བྱེད་པའི་གཙོ་གནད་ཐད་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་ནས་དམངས་འཚོ་ལེགས་སུ་གཏོང་བར་བསྒྱུར་བ། རོགས་སྐྱོར་བྱེད་སྟངས་ཐད་རྣམ་གྲངས་རྐྱང་པའི་རོགས་སྐྱོར་ནས་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པར་བསྒྱུར་བ། རོགས་སྐྱོར་གྱི་ནང་དོན་ཐད“གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པར”བསྒྱུར་བར་སྣང་ཆེན་བྱས་པ། རྣམ་གྲངས་དོ་དམ་ཐད་ཟླ་རེའི་བཀོད་གཏོང་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་ལམ་ལུགས་ལག་བསྟར་བྱེད་པ་དང་ཆབས་ཅིག བོད་སྐྱོར་བཀོད་འདོམས་པུའུ་དང་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱས་ཡོད།

    བོད་སྐྱོར་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་འབོར་ཆེན་ལག་བསྟར་བྱས་པ་ལས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ནས་ནག་ཆུའི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།