སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུས།
དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ལ་རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས་བཏང་བ།
དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་ནུས་པའི་རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས་བཏང་ཞིང་། ཆུས་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་ཡོངས་དང་གྲོང་རྡལ(ཁྲོམ་གཞུང)ཁག་གི་དྲིལ་བསྒྲགས་ཨུ་ཡོན་སོགས་མི་30ལྷག་ཙམ་ཚོད་རྒྱུགས་ལ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོད་རྒྱུགས་ལས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་ཕྱིན་པ་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་ཆུ་ཚད་ལ་དཔྱད་ཞིབ་བྱས་པ་མ་ཟད། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ལ་ཞིབ་བཤེར་ཐེངས་གཅིག་ཀྱང་བྱས་པས། “ཚོད་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། ཚོད་རྒྱུགས་ལ་བརྟེན་ནས་བསམ་བློར་སྐུལ་འདེད་གཏོང་བ། ཚོད་རྒྱུགས་ལ་བརྟེན་ནས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་དམིགས་ཡུལ་གྲུབ་པ་མ་ཟད། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།