དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《གཡག་གི་བསམ་འདུན》གྱི་དཔེ་དེབ་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ཉེ་ཆར། 《གཡག་གི་བསམ་འདུན》གྱི་དཔེ་དེབ་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    དེབ་དེའི་རྩོམ་པ་པོ་ཡོན་ཏན་ནོར་བུ་ནི་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ན་གཞོན་འཁྲབ་ཁྲིད་པ་དང་སྐབས་གཉིས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐལ་བཟང་མེ་ཏོག་གི་མི་སྣ་གསར་པའི་བྱ་དགའ་ཐོབ་མཁན་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《གཡག་གི་བསམ་འདུན》ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། དེབ་ཆ་ཚང་རང་བྲིས་གླེང་གཞི་དང་། དཔའ་བོ་དཀྱུས་མ། གྲི ལས་དབང་སོགས་ལེའུ་མང་པོ་དང་དེ་བཞིན་ཟིན་བྲིས་དང་། ལྷུག་རྩོམ། བརྩམས་སྒྲུང་ཐུང་གྲས་སོགས་སུམ་ཅུ་ལས་གྲུབ་ཡོད། དཔེ་དེབ་དེ་བཏོན་རྗེས་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར་དང་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་པ་དང་། མིག་སྔར་དཔེ་ཁང་ཆེ་གྲས་ཁག་དང་དྲ་ཐོག་ལས་སྟེགས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།