དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལེགས་རྩེ་དང་ཧོ་ནན་ལུའོ་དབྱང་གི་མཐའ་མཚམས་ཞིབ་བཤེར་ས་ཚིགས་གཉིས་ཀྱི་ཏང་ཀྲི་པུའུ་དབར་ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ཉེ་ཆར། བོད་ལྗོངས་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་ཧོ་ནན་ལུའོ་དབྱང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཏང་ཀྲི་པུའུ་དབར་ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་བཞག་སྟེ“ཤེས་ལྡན་པ་གསོ་སྐྱོང་དང་ལག་རྩལ་གསར་གཏོད་ལྟེ་གནས་རྣམ་པའི་ཞབས་ཞུ་དང་ལེན་ལས་སྟེགས”དང“མཐའ་མཚམས་ཞིབ་བཤེར་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ལྟེ་གནས”བསྐྲུན་ནས་ས་ཁོངས་ལས་བརྒལ་བའི་མཉམ་གཏོད་མཉམ་སྐྲུན་གྱི་དཔེ་དབྱིབས་གསར་པ་བཏོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་རྒྱབ་རྟེན་བརྟན་པོ་མཉམ་དུ་བསྐྲུན་རྒྱུ་རེད།

    ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པ་དེ་ཐོག་ནས་བོད་ལྗོངས་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་ཧོ་ནན་ལུའོ་དབྱང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཏང་གཤིས་ཞུན་བརྡར་དང་། ཆ་འཕྲིན་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་ཀྱི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་པ་མཚོན་ཡོད། ས་ཚིགས་གཉིས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་སློབ་གསོ་དང་། རྩ་འཛུགས་ཀྱི་འཚོ་བ། ཚད་ལྡན་ཅན་འཛུགས་སྐྱོང་སོགས་བྱེད་ཐབས་ལ་དམ་པོར་དམིགས་ནས་མཐའ་མཚམས་ཞིབ་བཤེར་མཉམ་ལས་བྱེད་སྟངས་གསར་པ་དང་ཉམས་མྱོང་སློབ་སྦྱོང་གི་ཐབས་ལམ་གསར་པ་གསར་གཏོད་བྱས་ཏེ། སེམས་ནུས་གཅིག་སྒྲིལ་བྱེད་རིང་མཐའ་མཚམས་ཞིབ་བཤེར་ལས་དོན་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།