བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱའི་དམག་དོན་གཅིག་སྡུད་སྦྱོང་བརྡར་སྒར་སའི་བྱེད་སྒོ་ལྷ་སར་སྤེལ་བ།
ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་གཉེར་འགན་འཁུར་བའི“གངས་ལྗོངས་མཐའ་མཚམས་སུ་ཕུགས་འདུན་འགྲུབ། ལོ་ཆུང་དམག་མིའི་བླ་སྲོག་མཉམ་དུ་གཏོད”ཅེས་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱའི་དམག་དོན་གཅིག་སྡུད་སྦྱོང་བརྡར་སྒར་སའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་སྤེལ་ཡུན་ཉིན་6ཡིན་པ་དེར་ལྷ་ས་སློབ་འབྲིང་དང་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་མ་100ཙམ་ཞུགས་ཡོད་པ་རེད།
བྱེད་སྒོའི་ཐོག་དམག་དོན་སྦྱོང་བརྡར་དང་རྒྱལ་སྲུང་སློབ་གསོ་རྨང་གཞིར་བྱས་པ་དང་ཕུལ་བྱུང་གི་དམག་ཞབས་ཐིམ་པའི་དམག་མིས་སློབ་ཁྲིད་དམག་དཔོན་གྱི་འགན་འཁུར་ནས་གཞོན་ནུ་ལོ་ཆུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རུ་སྒྲིག་དང་། རྩལ་ནུས་སྦྱོང་བརྡར། ཕྱིར་སྐྱོད་དམག་སྦྱོང་སོགས་རྨང་གཞིའི་སྦྱོང་བརྡར་བཀོད་སྒྲིག་བྱས་པ་རེད།