དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ལྷོ་ཁ་གྲོང་ཁྱེར་གྱིས“ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། བདེ་འཇགས་འགན་ལེན”བཅས་ལྟེ་བའི་དམིགས་ཚད་དུ་བྱས་ཏེ། ཁྲིམས་སྒྱུར་ནན་པོ་དང་། ཆེད་དོན་བཅོས་སྒྲིག ཚན་རྩལ་ནུས་སྐྱེད། སྤྱི་ཚོགས་མཉམ་བཅོས་བཅས་བྱས་པ་བརྒྱུད་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཐད་གྲུབ་འབྲས་བཟང་པོ་ཐོབ་ཅིང་། གཞུང་ལམ་འགྲིམ་འགྲུལ་ཁྱབ་ཁོངས་སུ་ལྷོ་ཁ་གྲོང་ཁྱེར་གྱིས་ལས་འཛོལ་ཐོན་མང་བའི་ལམ་དུམ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་གཉེར་སྐྱོང་རང་བཞིན་མིན་པའི་རླངས་འཁོར་གྱི་སྒྲིག་འགལ་བྱེད་སྤྱོད་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ། ཟླ་2པར་གཉེར་སྐྱོང་རང་བཞིན་མིན་པའི་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་གྲངས་གནས་3ཉུང་དུ་ཕྱིན་པ། གཏེར་རིའི་ཁྱབ་ཁོངས་སུ“མཛོད་ཁང་རེ་དང་ཐབས་ཇུས་རེའི”བཅོས་སྐྱོང་ལག་བསྟར་བྱས་ནས་གཏེར་སྙིགས་གསོག་མཛོད་ཀྱི་བདེ་འཇགས་ཉེན་ཁའི་རིམ་པ་ཚད་གཞིར་སླེབས་རྒྱུར་སྐུལ་འདེད་བཏང་བ་དང་རྡོ་སོལ་མིན་པའི་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙང་ལེན་གྱི་འགན་འཁུར་བ་གཏན་འཁེལ་བྱས་ནས་གྲོང་ཁྱེར་དང་རྫོང་རིམ་གཉིས་སྲིད་གཞུང་དང་དེ་བཞིན་ལྟ་འདོམས་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཡོད།

    འཕྲལ་སྡོམ་དོ་དམ་ནུས་པ་དང་དཔུང་ཁག་འཛུགས་སྐྱོང་བྱེད་ནུས་མཐོ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་འཕྲལ་སྡོམ་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་ཆེད་གཉེར་ལག་རྩལ་ཞིབ་བཤེར་པ་5ཡོངས་བསྒྲགས་ངང་བསྡུས་ནས་ཁྲིམས་སྒྱུར་སྟོབས་ཤུགས་ཆེ་རུ་བཏང་ཡོད། གདན་ཞུའི་མི་སྣར་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཆེད་ལས་སམ་ཡང་ན་ཐོ་འགོད་བདེ་འཇགས་བཟོ་སྐྲུན་པའི་ཐོབ་ཐང་ལྡན་པ་དང་ཁྲིམས་སྒྱུར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་འཕྲལ་སྡོམ་དང་ལེན་དང་དྲིལ་བསྒྲགས་སློབ་གསོར་དམ་འཛིན་མཐའ་འཁྱོངས་བྱས་ཤིང་། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་གནམ་གཤིས་ཀྱི་སྔོན་བརྡ་གཏོང་བ་དང་དངོས་ཟོག་གསོག་འཇོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་ཡིག་རྒྱུགས་གསོ་སྦྱོང་སྒྲིག་འཛུགས་ཀྱང་བྱས་ཡོད།

    ན་ནིང་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མེ་ཟོན་བདེ་འཇགས་ཨུ་ལྷན་གྱིས“མེ་ཟོན་ལས་དོན་གྱི་སྔོན་ཐོན་ཚན་པ”30དང་། སྔོན་ཐོན་ཤང་དང་གྲོང་རྡལ་གྱི་མེ་ཟོན་ཁང་12 སྔོན་ཐོན་མི་སྒེར་56བཅས་བདམས་པ་དེ་དག་སྤྱི་བདེ་དང་། སློབ་གསོ། ཁེ་ལས་བཅས་ནས་ཡིན་པ་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་བཏོན་ནས་སྤྱི་ཚོགས་ཡོངས་མེ་ཟོན་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།