རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོས།
“ཐོ་འགོད་གཉིས་དང་ཞབས་ཞུ་གཉིས”ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོས“གསར་བརྗེའི་དྲ་མིག”གཞི་རྟེན་དུ་བྱས་པའི་ལས་གནས་སུ་ཡོད་པའི་ཏང་ཡོན་གྱི“ཐོ་འགོད་གཉིས་དང་ཞབས་ཞུ་གཉིས་ཀྱི་བྱེད་སྒོ་སྟེ། ‘གསར་བརྗེའི་དྲ་མིག’གི་ཉིན་གཅིག”གི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་ཡི་ཏང་ཡོན་ལས་བྱེད་པ་དང་རྔ་ཆེན་གྲོང་ཚོའི་དྲ་མིག་པ་སོགས་ཁྱོན་མི་30ལྷག་ཙམ་ཐུན་མོང་ཐོག་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་རྣམ་པ་གཏོད་རྒྱུར་གཞོལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་གནས་སུ་ཡོད་པའི་ཏང་ཡོན་གྱིས“གསར་བརྗེའི་དྲ་མིག”གི་རྒྱུན་གཏན་འཁོར་རྒྱུག་གནས་ཚུལ་ཤེས་རྟོགས་གང་ལེགས་བྱས་པ་མ་ཟད། དང་བླངས་ཞབས་ཞུའི་རིགས་ལ་གཞིགས་ནས“གསར་བརྗེའི་དྲ་མིག——ཚོན་མདོག་བདུན་གྱི་གདོང་ལེན་པའི”ཞབས་ཞུའི་རུ་ཁག་གི་རུ་ཁག་གི་གྱོན་ཆས་བླངས་པ་རེད། ཁོང་ཚོས་ཚོན་མདོག་རྣམ་པར་བཀྲ་བའི་སྟོད་གོས་གྱོན་ནས་སྡེ་ཁུལ་གྱི་གང་སར་བསྐྱོད་དེ་འགན་འཁྲི་ཧུར་ཐག་འཁུར་ནས་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་ཀྱི་ཡོད།
“གསར་བརྗེའི་དྲ་མིག་གིས་བྱ་བ་དངོས་སྒྲུབ་པའི”ལྷུ་ཚིགས་སུ་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བྱེད་སྒོ་རབ་དང་རིམ་པ་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ལས་གནས་སུ་ཡོད་པའི་ཏང་ཡོན་གྱིས་ཕྱོགས་ཡོངས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཁྲོད་དུ་མཉམ་འདྲེས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་དུ་བསྐྱོད་ནས་ཁོང་ཚོའི་ཁྱིམ་དུ་གཙང་སྦྲ་ཡག་པོ་བྱས་པ་དང་དམིགས་བསལ་ཚོགས་སྤྱིར་གཙང་སྦྲ་དང་སྐྱིད་སྣང་དོད་པའི་སྡོད་གནས་ཁོར་ཡུག་ཅིག་བསྐྲུན་ཡོད། སྲིད་ཇུས་འགྲེལ་བཤད་པ་དང་སེམས་གསོ་བ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་གི་དགོས་མཁོར་དམིགས་པ་དང་། ངང་རྒྱུད་རིང་པོས་ཁོང་ཚོའི་སྙིང་གཏམ་ཉན་པ།《དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དང་གསོ་སྐྱོང་བྱ་ཐབས》ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་ཞིང་གོ་བ་ལེན་དཀའ་བའི་སྲིད་ཇུས་དང་ཁྲིམས་སྲོལ་དག་གོ་བདེ་ཤེས་སླའི་སྐད་ཆར་སྒྱུར་བ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ནད་སེལ་རོགས་བྱེད་པ་བཅས་བྱས་ནས་ཁོང་ཚོས་སྲིད་ཇུས་ཀྱི་ནང་དོན་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་ཐུབ་པ་དང་སྲིད་ཇུས་ལས་བྱུང་བའི་ཕན་བདེ་དང་སྟབས་བདེ་ལོངས་སྤྱོད་ཏན་ཏིག་ཐུབ་པའི་འགན་ལེན་བྱས་པ་མ་ཟད། མང་ཚོགས་ཀྱི་དོགས་གནད་སེལ་རོགས་ཀྱང་བྱས་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཏེ། བརྩེ་དུང་དང་དྲོ་སྐྱིད་སྡེ་ཁུལ་དུ་ཁྱབ་པར་བྱེད་པ་དང་སྡེ་ཁུལ་བཅོས་སྐྱོང་གི་ཕན་འབྲས་དེ་ཡུལ་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་དངོས་སུ་མངོན་ཐུབ་པ་བྱས་ཡོད།